- grub mthas blo bsgyur ba
- ID:
- T226972
- གྲུབ་མཐས་བློ་བསྒྱུར་བ (Tibetan, Tibetan script, Original)
- > grub mthas blo bsgyur ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > drumpté lo gyurwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གྲུབ་མཐས་བློ་བསྒྱུར་བ་ནི་ཚེ་འདིའི་བདེ་བ་ཙམ་གྱིས་མི་ཆོག་པར་ཤེས་བྱ་ལ་རྟོག་དཔྱོད་ཅུང་ཟད་ཞུགས་ཏེ་རང་གི་བློ་ངོར་འཐད་པའི་གཞུང་ལུགས་ལ་བརྟེན་ནས་དངོས་པོའི་གནས་ཚུལ་ལ་བླང་དོར་བྱེད་པ་རྣམས་ལ་ཟེར། གྲུབ་མཐའ་སྨྲ་བ་རྣམས་ཀྱི་ཐ་ཤལ་རྒྱང་འཕེན་པས་ཀྱང་རང་གི་རིགས་པ་ལྟར་སྣང་གིས་སྐྱེ་བ་སྔ་ཕྱི་དང་རྒྱུ་འབྲས་སོགས་ཡོད་མེད་ལ་དཔྱད་པ་བྱས་ནས་རང་གི་གཞུང་སྨྲ་བའི་ཕྱིར་རོ། །
- language:
- Tibetan
2. Thupten Phuntsok Dictionary
གྲུབ་མཐས་བློ་བསྒྱུར་བ་ནི་ཚེ་འདིའི་དབེན་པ་ཙམ་གྱིས་མི་ཆོག་པར་ཤེས་བྱ་ལ་རྟོག་དཔྱོད་ཅུང་ཟད་ཞུགས་ཏེ་རང་གི་བློ་ངོར་འཐད་པའི་གཞུང་ལུགས་ལ་བརྟེན་ནས་དངོས་པོའི་གནས་ཚུལ་ལ་བླང་དོར་བྱེད་པ་རྣམས་ལ་ཟེར། གྲུབ་མཐའ་སྨྲ་བ་རྣམས་ཀྱི་ཐ་ཤལ་རྒྱང་འཕེན་པས་ཀྱང་རང་གི་རིགས་པ་ལྟར་སྣང་གིས་སྐྱེ་བ་སྔ་ཕྱི་དང་རྒྱུ་འབྲས་སོགས་ཡོད་མེད་ལ་དཔྱད་པ་བྱས་ནས་རང་གི་གཞུང་སྨྲ་བའི་ཕྱིར་རོ། །
- language:
- Tibetan