Skip to main content Skip to search
grub pa'i dbang po
ID:
T226979
  • གྲུབ་པའི་དབང་པོ (Tibetan, Tibetan script, Original)
    • > grub pa'i dbang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drubpé wangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་ལ། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་བརྒྱད་དམ། ཡང་ན་སྐུ་ཚེ་དེ་ལ་སངས་རྒྱས་པའི་མཆོག་གི་དངོས་གྲུབ་གང་རུང་ཐོབ་པ་ལ་གྲུབ་ཐོབ་དང་གྲུབ་པའི་དབང་པོ་ཟེར། གྲུབ་ཆེན་འདི་རྣམས་དུས་སྐབས་གང་དུ་བྱུང་བ་ནི། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི<<རྒྱ་གར་ཆོས་འབྱུང>>ལས་ནང་པའི་སློབ་དཔོན་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིར་གྲགས་པ་ཕྱེད་ཀ་ལྷག་ཙམ་རྒྱལ་པོ་ཙན་ན་ཀས་སྲིད་དབང་བཟུང་བ་ཡན་ཆད་དུ་བྱོན་པ་དང༌། རྒྱལ་པོ་གོ་པཱ་ལ་ནས་རཱ་མ་པཱ་ལའི་བར་པཱ་ལ་བདུན་བརྒྱུད་ཀྱི་རིང་གྲུབ་པ་ཐོབ་པ་ཤིན་ཏུ་མང་བར་བྱོན་ཞེས་བཤད་པ་ལྟར་ན། གྲུབ་ཐོབ་བརྒྱད་ཅུའི་ནང་གི་མང་ཆེ་བ་བོད་ཀྱི་རབ་བྱུང་གོང་གི་ཤཱཀྱའི་འདས་ལོ(འདིའི་ནང་གི་ཤཱཀྱའི་འདས་ལོ་རྣམས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤིའི་ལུགས་ཀྱི་འདས༌ལོ་གཞིར་བཟུང་བ་ཡིན)༡༡༦༥ལོ་ནས་རབ་བྱུང་གསུམ་པའི་འགོ་བར་དང༌། སྤྱི་ལོའི་དུས་རབས་བདུན་པ་ནས་བཅུ་གཉིས་པའི་མཇུག་བར་གྱི་ལོ་དྲུག་བརྒྱ་ཐམ་པའི་རིང༌དེར་བྱུང་བར་མངོན། འདི་དང་འབྲེལ་བ་ཡོད་པའི་ནང༌དོན་འགའ་ཞིག<<ཚིག་མཛོད་འདིའི་ནང>>མཆོག་དང་ཐུན༌མོང་གི་དངོས་གྲུབ་ཀྱི་གོ་དོན་དང་རྣམ་གྲངས། གྲུབ་ཆེན༌བརྒྱད་ཅུ་གྱ་བཞིའི་མཚན་བཅས་ཀྱི་ཁོངས་སུ་བཀོད་ཡོད་པ་དེར་གཟིགས། །

language:
Tibetan

2. Thupten Phuntsok Dictionary

གསང་སྔགས་ཀྱི་ལམ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་བརྒྱད་དམ། ཡང་ན་སྐུ་ཚེ་དེ་ལ་སངས་རྒྱས་པའི་མཆོག་གི་དངོས་གྲུབ་གང་རུང་ཐོབ་པ་ལ་གྲུབ་ཐོབ་དང་གྲུབ་པའི་དབང་པོ་ཟེར།

language:
Tibetan