- grub pa'i dbang phyug shangs pa ras chen
- ID:
- T226981
- གྲུབ་པའི་དབང་ཕྱུག་ཤངས་པ་རས་ཆེན (Tibetan, Tibetan script, Original)
- > grub pa'i dbang phyug shangs pa ras chen (Tibetan, Latin script, Transliteration-THL Extended Wylie Transliteration)
- > drubpé wangchuk shangpa ré chen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི<<མི་དབང་རྟོགས་བརྗོད>>ནང་ཟུར་ཙམ་གསལ་བ་དོན་བསྡུས་ཏེ་འགོད་ན། སྐུ་ཆུང་དུས་གཙང་ཁུལ་གཡས་རུ་ཤངས་དགའ་ལྡན་ཆོས་འཁོར(ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་གསར་དུ་ཚུགས་པའི་དགོན་པ)གླིང་བཅུ་གསུམ་ཞེས་གྲགས་པའི་ནང་ཚན་ཞིག་ཏུ་མཚན་ཉིད་དང་རྣམ་འགྲེལ་སྐོར་སློབ་གཉེར་མཛད། རྗེས་སུ་སྨིན་གྲོལ་གླིང་ཆོས་རྒྱལ་གཏེར་བདག་གླིང་པར་རྙིང་མའི་ཆོས་ཞུས་ཏེ། རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་སྟོད་ལ་ཕྱི་གངས་ཀྱི་ར་བར་སྒྲུབ་པ་བྱས་ནས་རྟོགས་པ་མཐོན་པོར་སླེབས་པ་དང་མངོན་ཤེས་ལ་ཐོགས་པ་མེད་ཅེས་བཤད།
- language:
- Tibetan
2. Thupten Phuntsok Dictionary
སྐུ་ཆུང་དུས་གཙང་ཁུལ་གཡས་རུ་ཤངས་དགའ་ལྡན་ཆོས་འཁོར (ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་གསར་དུ་ཚུགས་པའི་དགོན་པ) གླིང་བཅུ་གསུང་ཞེས་གྲགས་པའི་ནང་ཚན་ཞིག་ཏུ་མཚན་ཉིད་དང་རྣམ་འགྲེལ་སྐོར་སློབ་གཉེར་མཛད། རྗེས་སུ་སྨིན་གྲོལ་གླིང་ཆོས་རྒྱལ་གཏེར་བདག་གླིང་པར་རྙིང་མའི་ཆོས་ཞུས་ཏེ། རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་སྟོད་ལ་ཕྱི་གངས་ཀྱི་ར་བར་སྒྲུབ་པ་བྱས་ནས་རྟོགས་པ་མཐོན་པོར་སླེབས་པ་དང་མངོན་ཤེས་ལ་ཐོགས་པ་མེད་ཅེས་བཤད།
- language:
- Tibetan