Skip to main content Skip to search
grub dbang dkon mchog 'phrin las dpal bzang po
ID:
T226983
  • གྲུབ་དབང་དཀོན་མཆོག་འཕྲིན་ལས་དཔལ་བཟང་པོ (Tibetan, Tibetan script, Original)
    • > grub dbang dkon mchog 'phrin las dpal bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drupwang könchok trinlé pelzangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཚན་གཞན་དགེ་སློང་དཔའ་ཆུང་ཞུ། རྗེ་བཙུན་འདི་ཉིད་འབྲི་གུང་སྦྲ་ག་ཞེས་པའི་འབྲོག་སྡེར་ཡབ་བཅོ་ལྔ་དང་ཡུམ་སྒྲོལ་མ་ལྷ་གཉིས་ཀྱི་རིགས་ཀྱི་མྱུ་གུར་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི(༡༩༠༠)ལོར་སྐུ་བལྟམས། དགུང་ལོ་དྲུག་ལ་བེ་གུ་ལུང་རྟོགས་རྒྱ་མཆོས་དབུ་སྐྲ་གཙུག་ཕུད་བཞེས། དགུང་ལོ་དྲུག་བདུན་ནས་བཅུ་བདུན་བར་རང་ཁྱིམ་དུ་ཕྱུགས་རྫི་མཛད་དེ་བཞུགས་སྐབས་ཞ་དང་ཞོར་ལ་ཡིག་དྲུག་དང་སྒྲོལ་མ་འབུམ་ཐེར་གསུངས་པ་མ་ཟད། རྡོ་རྗེ་གཅོད་པ་ཆག་མེད་དང་བརྒྱད་སྟོང་པ་བརྒྱ་ཚར་གསུངས། བྱིས་པའི་དུས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སྤྱོད་པར་ཐུགས་ཤིན་ཏུ་མོས་པར་མཛད། དགུང་ལོ་བཅུ་བདུན་པར་འབྲི་གུང་རིན་ཆེན་དཔལ་གྱི་གདན་སར་ཕེབས་ཏེ་དབུ་སྐྲ་བྲེག སྒྲུབ་གྲྭའི་ཁྲི་དཔོན་གྲུབ་དབང་ཚེ་བརྟན་རིན་པོ་ཆེའི་དྲུང་ནས་སྒྲུབ་བརྒྱུད་ལམ་གྱི་ཡང་སྙིང་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་གདམས་པ་གསན་ཏེ་ཉམས་ལེན་ལ་འབད། དགུང་ལོ་ཉེར་དགུ་པར་བསྙེན་པར་རྫོགས་ཏེ་མཚན་དཀོན་མཆོག་འཕྲིན་ལས་སུ་གསོལ། དེ་ནས་ཞོ་སྨད་དབེན་རིའི་བཤད་གྲྭར་ཕེབས་ཏེ་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་ཉིན་མཚན་བསྟུད་དེ་དཀའ་སྤྱད་སྙིང་རུས་ཆེན་པོས་ཐོས་བསམ་མཛད་པས་གཞུང་ཆེན་པོའི་དགོངས་པའི་གནད་ཚང་མ་ཐུགས་སུ་ཆུད་པས་བཤད་སྒྲའི་མཁན་པོའི་འོས་སུ་ཕེབས། དགུང་ལོ་སོ་བཞི་པར་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་དང༌། ཐེག་ཆེན་བསྟན་སྙིང་དང༌། དམ་ཆོས་དགོངས་པ་གཅིག་པ། རྫོགས་ཆེན་སྙིང་ཐིག་གི་དབང་དང་ཁྲིད་ཆ་ཚང་བར་གསན་བསམ་མཐར་ཕྱིན་མཛད། སྐྱབས་རྗེ་ཞི་བའི་བློ་གྲོས་དང་ཆོས་ཀྱི་འབྱུང་གནས་དྲུང་ནས་བཀའ་བརྒྱུད་གོང་མའི་གདམས་ཟབ་བུམ་པ་གང་འཇོའི་ཚུལ་དུ་གསན་པ་སོགས་གདམས་པའི་མཛོད་ཀྱིས་ཕྱུག་པའི་མཁུ་པ་བཙུན་གྱི་ཕུལ་དུ་བྱུང༌། བདག་ཉིད་ཆེན་པོ་འདི་ཉིད་ཐོས་བསམ་གྱི་བྱ་བ་མཇུག་བསྒྲིལ་རྗེས་སྒྲུབ་པར་གཞོལ་ཆེད་འབྲི་གུང་གདན་ས་མཐིལ་དུ་ཕེབས་ནས་མཚམས་གྲྭའི་སྒྲིགས་སུ་ཞུགས། གྲུབ་དབང་ཚེ་བརྟན་རིན་པོ་ཆེའི་དྲུང་ནས་ལྔ་ལྡན་ཆོས་དྲུག་གི་གདམས་པ་མཐར་ཕྱིན་ཞུས། མཚམས་ཁང་གོག་ཧྲུལ་དུ་ཉིན་རེ་ཕྱུར་རྩམ་སྦར་ཕྱེད་ཙམ་ལ་བརྟེན་ནས་ལོ་དྲུག་སྨྲ་བཅད་འདག་སྦྱར་གྱིས་སྒྲུབ་པ་ལྷུར་བཞེས་མཛད་པས་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་འཁྲུངས། དེ་རྗེས་སླར་ལོ་གསུམ་སྐུ་མཚམས་མཛད་པར་བདེ་དྲོད་ཀྱི་ལང་ཚོ་རྒྱས་ཏེ་རས་རྐྱང་ཁོ་ན་གསོལ་ནས་བཞུགས་ཐུབ་པ་སོགས་པའི་ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་ཐུགས་ལ་འཁྲུངས། དེ་ནས་འབྲི་གུང་པ་ཆེན་པོའི་གདན་ས་འོག་མིན་བྱང་ཆུབ་གླིང་གི་སྒྲུབ་གྲྭའི་ཆོས་འཆད་སེམས་ཁྲིད་ཀྱི་སློབ་དཔོན་གྱི་ཁྲི་ལ་ཕེབས་ཏེ་སྒྲུབ་པའི་གཙུག་རྒྱན་ཆེན་པོར་གྱུར། དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་བཅུ་དྲུག་པ་ལྕགས་བྱི(༡༩༦༠)ལོ་ཡས་མས་སུ་དུས་ཀྱི་འཕོ་འགྱུར་གྱིས་རྐྱེན་པས་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་གསང་གཅོད་འདོན་པ་སོགས་ཀྱི་ངལ་ལས་སྣ་ཚོགས་མཛད་དགོས་བྱུང༌། དགུང་ལོ་རེ་གསུམ་པར་འབྲི་གུང་དུ་ཕེབས་རྗེས་རི་ཁྲོད་འགྲིམས་ནས་སྒྲུབ་པ་་་་་ཉམས་ལེན་ཁོ་ནར་བཞུགས་སྐབས་ཡུལ་ལུང་གི་འགོ་པ་སོགས་ཀྱི་འདྲི་རྩད་དང་བཀག་ཉར། ཕྱུགས་རྫིར་སྐུལ་འདེད། འབུ་ནག་གསོད་པར་འབོད་བསྐོང་ཞུས་པ་དང༌། སྐྱེ་བོ་ལ་ལས་སྐྱེས་བུ་དམ་པ་འདི་ཉིད་ལ་བརྙས་བཅོས་དང༌། ངན་སྨྲས། མཐོང་ཆུང་ཇི་འདྲ་བྱས་ཀྱང་དགེ་སྦྱོང་གི་ཆོས་བཞིར་གནས་ནས་གནོད་བྱེད་རྣམས་ལ་བྱམས་དང་བརྩེ་བས་རྗེས་སུ་འཛིན། དགེ་སློང་རིན་པོ་ཆེ་ཆུ་ཆེན་པོར་མི་བྱིང་པར་སྐམ་སའི་ཐོག་བྱོན་པ་ལྟར་ཕར་ཚུར་ཕེབས་སྐྱོད་དང༌། བཞུགས་གནས་ཀྱི་སྤྱིལ་བུར་འཇའ་འོད་ཀྱི་གུར་ཁང་ཕིབས་པ་སོགས་ཡུལ་དེའི་འབྲོག་སྡེའི་འགོ་ཁྲིད་ནོར་དར་གྱི་བུ་དང་འབྲི་གུང་སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུརྣ་གྲུབ་ཀྱི་གཟིམ་འགག་ཡེ་ཤེས་བསྟན་འཛིན་གཉིས་ཀྱིས་དངོས་སུ་མཇལ། དགུང་ལོ་གྱ་གཉིས་པ་ལྕགས་བྱ་ལོར་འབྲི་གུང་མཐིལ་དུ་ཕེབས་ནས་འབྲི་གུང་གླིང་རིན་ཆེན་ཉམས་གསོ་དང༌། རབ་བྱུང་བཅུ་དྲུག་པའི་ཤིང་གླང་ལོར་གསེར་ཁང་གཙུག་ལག་ཁང་དུ་རྗེ་ཉིད་ནས་མཁན་པོ་དང༌། གྲུབ་དབང་བསྟན་འཛིན་ཉི་མས་སློབ་དཔོན་མཛད་དེ་ཁ་སྐོང་གྲངས་ཚང་གིས་དགེ་འདུན་ལྔ་བརྒྱ་ཙམ་བསྙེན་པར་རྫོགས། དེ་ནས་བཟུང་ལོ་ལྟར་བསྙེན་རྫོགས་ཀྱི་སྡོམ་པ་གནང་བའི་སྲོལ་བཙུགས་ཏེ་རྒྱལ་བའི་བསྟན་པ་ལ་ཕྱག་རྗེས་རྨད་དུ་བྱུང་བ་འཇོག་པར་མཛད། འཚོབའི་ཐད་སྐུ་ཚེ་ཧྲིལ་པོར་འདོད་ཆུང་ཆོག་ཤེས་ཀྱི་མཛད་པ་ཁོ་ན་བསྐྱངས། དེ་བཞིན་གདན་ས་རིན་པོ་ཆེར་ལོ་ལྟར་རྒྱལ་ལུགས་ཐུགས་རྗེ་ཆེན་པོ་མ་ཁིའི་འབུམ་སྒྲུབ་དང༌། དབང་བསྐུར་གྱི་སྲོལ་སླར་གསོ། སྒྲུབ་བརྒྱུད་རིན་པོ་ཆེའི་ཕྱག་བཞེས་ལྟར་མཚམས་གྲྭ་གཏན་འཁེལ་གྱིས་སྒྲུབ་གྲྭ་འཛུགས་གཉེར་བྱ་རྒྱུ་ལ་སོགས་པའི་བསམ་གྱིས་མི་ཁྱབ་པའི་མཛད་པ་བསྐྱངས་ཟིན་ནས་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས་རྒྱུའི་དགོངས་པ་གཏད་པར་སྐྱབས་རྗེ་ཆོས་ཀྱི་སྣང་བ་སོགས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་མཐར་ལོ་གསུམ་བཞུགས་རྒྱུའི་ཞལ་བཞེས་ཏེ་འབྲི་མཐིལ་གསང་སྔགས་གསར་མའི་གར་འཆམ་གྱི་སྲོལ་ཉམས་གསོ་དང༌། ཆོས་རྗེ་སྐྱོབ་པ་རིན་པོ་ཆེའི་དར་སྐུ་དང༌། བསྟན་སྙིང་དགོངས་གཅིག་གི་གསུངས་པར་བརྐོ་རྒྱུ། རྟེན་འཛམ་གླིང་རྒྱན་དང༌། འདུ་ཁང་ཉམས་གསོ་བྱ་དགོས་པའི་བཀའ་སློབ་མཛད་དེ་སྔར་ལོ་གསུམ་ཞལ་བཞུགས་ཀྱི་དུས་ཆོ། ད་རྫོགས་མཚམས་བོད་རབ་བྱུང་བཅུ་བདུན་པའི་ས་འབྲུག(༡༩༨༨)ལོའི་བོད་ཟླ༨ཚེས༢༧ཉིན་ངོ་མཚར་བའི་ལྟས་དང་བཅས་རེ་ཞིག་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ།

language:
Tibetan

2. Thupten Phuntsok Dictionary

མཚན་གཞན་དགེ་སློང་དཔའ་ཆུང་ཞུ། རྗེ་བཙུན་འདི་ཉིད་འབྲི་གུང་སྦྲ་ག་ཞེས་པའི་འབྲོག་སྡེར་ཡབ་བཅོ་ལྔ་དང་ཡུམ་སྒྲོལ་མ་ལྷ་གཉིས་ཀྱི་རིགས་ཀྱི་མྱུ་གུར་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི (༡༩༠༠) ལོར་སྐུ་བལྟམས། དགུང་ལོ་དྲུག་ལ་བེ་གུ་གུང་རྟོགས་རྒྱ་མཚོས་དབུ་སྐྲ་གཙུག་ཕུད་བཞེས། དགུང་ལོ་དྲུག་བདུན་ནས་བཅུ་བདུན་བར་རང་ཁྱིམ་དུ་ཕྱུགས་རྫི་མཛད་དེ་བཞུགས་སྐབས་ཞ་དང་ཞོར་ལ་ཡིག་དྲུག་དང་སྒྲོལ་མ་འབུམ་ཐེར་གསུངས་པ་མ་ཟད། རྡོ་རྗེ་གཅོད་པ་ཆག་མེད་དང་བརྒྱད་སྟོང་པ་བརྒྱ་ཚར་གསུངས། བོད་རབ་བྱུང་བཅུ་བདུན་པའི་ས་འབྲུག (༡༩༨༨) ལོའི་བོད་ཟླ་༨ཚེས་༢༧ཉིན་སྐུ་གཤེགས།

language:
Tibetan