- grub tshul ring lugs
- ID:
- T226987
- གྲུབ་ཚུལ་རིང་ལུགས (Tibetan, Tibetan script, Original)
- > grub tshul ring lugs (Tibetan, Latin script, Transliteration-THL Extended Wylie Transliteration)
- > drub tsul ringluk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གྲུབ་ཆའི་རིང་ལུགས་ཀྱང་ཟེར། དེ་ནི་དེང་རབས་ཀྱི་རྣམ་པ་ཙམ་གྱི་རིང་ལུགས་ཀྱི་གྲས་ཤིག་ཡིན། ཐོག་མར་འཛམ་གླིང་དམག་ཆེན་དང་པོའི་རྗེས་སུ་ཡོ་རོབ་ཏུ་ཐོན་པ་དང་། རིང་ལུགས་དེས་འཕྲུལ་ཆས་ཀྱི་མཛེས་ཆ་འདོན་སྤེལ་བྱེད་རྒྱུ་གཙོར་བཟུང་བྱེད་པ་ལས། སྒྱུ་རྩལ་ཐོག་གི་བསམ་བློའི་རང་བཞིན་དང་། གཟུགས་དབྱིབས་ཀྱི་རང་བཞིན། དེ་བཞིན་མི་རིགས་ཀྱི་སྲོལ་རྒྱུན་རི་མོ་སོགས་དགོས་མེད་དུ་བརྩི་བ། གྲུ་བཞི་ནར་མོ་བ་དང་། སྒོར་དབྱིབས། དྲང་ཐིག་སོགས་ལ་བརྟེན་ནས་མཚོན་བྱེད་བྱ་ཡུལ་མེད་པའི་སྒྱུ་རྩལ་ཞིག་གྲུབ་པ་བྱེད་ཀྱི་ཡོད། དེའི་ཚབ་བྱེད་མི་སྣ་ནི་ཐཱ་ཐ་ལིན་དང་། པེ་ཧྥུ་སི་ན་སོགས་ཡིན།
- language:
- Tibetan