Skip to main content Skip to search
gro ston bdud rtsi grags
ID:
T227005
  • གྲོ་སྟོན་བདུད་རྩི་གྲགས (Tibetan, Tibetan script, Original)
    • > gro ston bdud rtsi grags (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dro tön dütsi drak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(གྲོ་མོ་ཆེ་བདུད་རྩི་གྲགས་ཞེས་པའང་སྣང)འདི་ཉིད་རབ་བྱུང་གསུམ་པའི་ཆུ་བྱ་(༡༡༥༣)ལོར་ཆུ་སྒོ་ལུམ་དུ་སྐུ་འཁྲུངས། གདུང་རུས་གྲོ་ཡིན། རྩིས་པ་གཞོན་ནུ་སེང་གེ་ལས་བསྙེན་པར་རྫོགས། རྡོ་སྟོན་ཆེན་པོ་དང་ཞང་བཙུན་རྡོ་རྗེ་འོད་ཟེར་གཉིས་ལས་ཤར་བ་པའི་གདམས་པ་མ་ལུས་པ་མནོས་ཤིང༌། ལུམ་པ་བའི་ཐུགས་སྲས་ཆུ་མིག་པ་ཤེས་རབ་གྲགས་པ་ལས་ཀརྨ་པའི་ལམ་གྱི་རིམ་པ་ཡང་གསན། སྣར་ཐང་གི་ལམ་རིམ་འདི་ལ་ཤར་བ་པ་དང་ཀརྨ་བའི་གདམས་པ་གཉིས་ཀ་ཚང་ཡོད། གཞན་ཡང་བྱ་ཡུལ་བའི་སློབ་མ་མུ་སྨན་པ་ཆེན་པོ་དང༌། སངས་རྒྱས་དབོན་སྟོན་སོགས་མཁས་གྲུབ་དུ་མར་བསྟེན་ནས་གསན་པ་རྒྱ་ཆེན་པོ་མཛད། བྱང་རྭ་སྒྲེང་དུ་འབུལ་མོ་ཆེ་ཐེངས་གསུམ་མཛད་དེ་རྭ་སྒྲེང་དབུ་རྩེ་རིན་པོ་ཆེའི་སྟེང་དུ་གསེར་ཏོག་ཁམས་གསུམ་གཟིལ་གནོན་ཡང་བཞེངས། ལམ་མཆོག་གི་རྩ་བ་ཚིགས་སུ་བཅད་པ་འདི་ཡང་མཛད་དེ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་ལྡན་པ་རྣམས་རྗེས་སུ་བཟུང༌། འདི་འཕྲིན་ལས་དར་ཁྱབ་ཆེ་ཞིང་སྣར་ཐང་གི་དཔལ་མགོན་ཡང་འདིའི་སྐུ་རིང་ལ་བྱུང༌། སྣར་ཐང་གི་གདན་ས་ལཽ་དགུ་མཛད་དེ་དགུང་ལོ་བརྒྱད་ཅུ་བཞེས་པ་རབ་བྱུང་བཞི་པའི་ཆུ་འབྲུག(༡༢༣༢)ལོའི་ས་ཟླའི་ཡར་ངོའི་ཚེས་དགུ་ཉིན་སྐུ་མྱ་ངན་ལས་འདས། གདུང་རྟེན་ནི་གདན་ས་གསུམ་པའི་གདུང་རྟེན་གྱི་ཤར་ན་བཞུགས་སོ། །

language:
Tibetan

2. Thupten Phuntsok Dictionary

(གྲོ་མོ་ཆེ་བདུད་རྩི་གྲགས་ཞེས་པའང་སྣང) འདི་ཉིད་རབ་བྱུང་གསུམ་པའི་ཆུ་བྱ (༡༡༥༣) ལོར་ཆུ་སྒོ་ལུམ་དུ་སྐུ་འཁྲུངས། གདུང་རུས་གྲོ་ཡིན། རྩིས་པ་གཞོན་ནུ་སེང་གེ་ལས་བསྙེན་པར་རྫོགས། རྡོ་སྟོན་ཆེན་པོ་དང་ཞང་བཙུན་རྡོ་རྗེ་འོད་ཟེར་གཉིས་ལས་ཤར་བ་པའི་གདམས་པ་མ་ལུས་པ་མནོས་ཤིང་། ལུམ་པ་ཐུགས་སྲས་ཆུ་མིག་པ་ཤེས་རབ་གྲགས་པ་ལས་ཀརྨ་པའི་ལམ་གྱི་རིམ་པ་ཡང་གསན། སྣར་ཐང་གི་ལམ་རིམ་འདི་ལ་ཤར་བ་པ་དང་ཀརྨ་བའི་གདམས་པ་གཉིས་ཀ་ཚང་ཡོད། གཞན་ཡང་བྱ་ཡུལ་བའི་སློབ་མ་མུ་སྨན་པ་ཆེན་པོ་དང་། སངས་རྒྱས་དབོན་སྟོན་སོགས་མཁས་གྲུབ་དུ་མར་བསྟེན་ནས་གསན་པ་རྒྱ་ཆེན་པོ་མཛད། བྱང་རྭ་སྒྲེང་དབུ་རྩེ་རིན་པོ་ཆེའི་སྟེང་དུ་གསེར་ཏོག་ཁམས་གསུམ་གཟི་གནོན་ཡང་བཞེངས། ལམ་མཆོག་གི་རྩ་བ་ཚིགས་སུ་བཅད་པ་འདི་ཡང་མཛད་དེ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་ལྡན་པ་རྣམས་རྗེས་སུ་བཟུང་། འདི་འཕྲིན་ལས་དར་ཁྱབ་ཆེ་ཞིང་སྣར་ཐང་གི་དཔལ་མགོན་ཡང་འདིའི་སྐུ་རིང་ལ་བྱུང་། སྣར་ཐང་གི་གདན་ས་ལོ་ངོ་དགུ་མཛད་དེ་དགུང་ལོ་བརྒྱད་ཅུ་བཞེས་པ་རབ་བྱུང་བཞི་པའི་ཆུ་འབྲུག (༡༢༣༢) ལོའི་ས་ཟླའི་ཡར་ངོའི་ཚེས་དགུ་ཉིན་སྐུ་མྱ་ངན་ལས་འདས། གདུང་རྟེན་ནི་གདན་ས་གསུམ་པའི་གདུང་རྟེན་གྱི་ཤར་ན་བཞུགས་སོ། །

language:
Tibetan