- gro lung pa blo gros 'byung gnas
- ID:
- T227015
- གྲོ་ལུང་པ་བློ་གྲོས་འབྱུང་གནས (Tibetan, Tibetan script, Original)
- > gro lung pa blo gros 'byung gnas (Tibetan, Latin script, Transliteration-THL Extended Wylie Transliteration)
- > dro lungpa lodrö jungné (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྔོག་ལོའི་སློབ་མའི་གྲས་ལས་གསུང་རབ་ཀུན་ལ་མཁས་པར་གྲགས། གཞོན་ནུའི་དུས་ཇོ་བོ་རྗེ་དང་འབྲོམ་སྟོན་ལས་བཀའ་གདམས་ཀྱི་ཆོས་གསན། ཇོ་བོའི་གཞུང་ཆུང་རྣམས་གཙོ་བོར་གྱུར་པའི་ཆོས་ཆུང་བརྒྱ་རྩ་ལ་དོན་ཁོག་འཆིང་བའི་ཊྰི་ཀ་དང༌། ལམ་རིམ་དང་བསྟན་རིམ་ཤིན་ཏུ་ཆེ་བ་རེ་མཛད། བསྟན་རིམ་ཆེན་མོ་ནི་ལམ་སྒྲོན་གྱི་དགོངས་འགྲེལ་ཟླ་མེད་ཡིན་པས་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་ཡང་ཕལ་ཆེར་འདི་དང་མཐུན་པར་མཛད། དེ་ཡང་སྐུ་ཚེ་སྟོད་ལ་ལོངས་སྤྱོད་ཀྱིས་ཕོངས་སེ་བ་ཞིག་བྱུང་བས་སྣེའུ་ཟུར་པའི་སློབ་མ་གུང་པ་ལྷ་རྗེས་གནོད་སྦྱིན་རྨུགས་འཛིན་གྱི་མན་ངག་གནང་བས་ལོངས་སྤྱོད་ཀྱང་ཤིན་ཏུ་ཆེ། བྲིན་ལས་ཀྱི་གཙུག་ལག་ཁང་ཆེན་མོའང་བཏབ། བདག་ཉིད་ཆེན་པོ་འདིའི་སྐུ་ཚེའི་མཐར་གཏུགས་པ་ན། སློབ་དཔོན་ཆ་པས་འབད་པས་གསན་ནས་འགྲེལ་ཆུང་གིཊྰི་ཀ་ཆེ་བ་ཞིག་མཛད་དེ་དེའི་རྗེས་སུ་འབྲང་བ་དང་བཅས་པ་རྣམས་ནི་འབྲེ་ཨར་གྱི་ལུགས་ལས་ཐ་དད་པ་ཡིན། གྲོ་ལུང་བ་ཆེན་པོ་ནམ་འཁྲུངས་མི་གསལ་ཞིང་དགུང་ལོ་བརྒྱད་ཅུ་པ་ལ་འདས་པར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་བརྒྱུད་དུ་གསུངས་ཞེས་བསྟན་རྩིས་ཀུན་བཏུས་ནང་གསལ།
- language:
- Tibetan
2. Thupten Phuntsok Dictionary
རྔོག་ལོའི་སློབ་མའི་གྲས་ལས་གསུང་རབ་ཀུན་ལ་མཁས་པར་གྲགས། གཞོན་ནུའི་་ཇོ་བོ་རྗེ་དང་འབྲོམ་སྟོན་ལས་བཀའ་གདམས་ཀྱི་ཆོས་གསན། ཇོ་བོའི་གཞུང་ཆུང་རྣམས་གཙོ་བོར་གྱུར་པའི་ཆོས་ཆུང་བརྒྱ་རྩ་ལ་དོན་ཁོག་འཆིང་བའི་ཊཱིཀ་དང་། ལམ་རིམ་དང་བསྟན་རིམ་ཤིན་ཏུ་ཆེ་བ་རེ་མཛད། གྲོ་ལུང་བ་ཆེན་པོ་ནམ་འཁྲུངས་མི་གསལ་ཞིང་དགུང་ལོ་བརྒྱད་ཅུ་པ་ལ་འདས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་གཉལ་ཆོས་སྒོ་ཤོ་བོར་སྐུ་འཁྲུངས་པ་ཡིན། ཁོང་གཞོན་ནུའི་དུས་ཇོ་བོ་རྗེ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལས་བཀའ་གདམས་པའི་ཆོས་སྐོར་རྣམས་ལེགས་པར་གསན། ཁོང་གི་སྐུ་ཚེའི་སྟོད་ལ་ལོངས་སྤྱོད་ཀྱིས་ཕོངས། དེ་ནས་སྣེའུ་ཟུར་པའི་སློབ་མ་གུང་པ་ལྷ་རྗེས་གནོད་སྦྱིན་རྨུགས་འཛིན་གྱི་མན་ངག་གནང་བས་ལོངས་སྤྱོད་ཀྱང་ཤིན་ཏུ་ཆེ། བྲིན་ལས་ཀྱི་གཙུག་ལག་ཁང་ཆེན་མོའང་བཏབ། རྔོག་བློ་ལྡན་ཤེས་རབ (1059—1110) ཀྱི་སློབ་མ་ཐུགས་སྲས་བཞི་ལས་གསུང་རབ་ཀུན་ལ་མཁས་པའི་མཆོག་ཡིན། ཁོང་གི་གསུང་རྩོམ་ནི《ལམ་རིམ》དང་། 《བསྟན་རིམ》། 《ཚད་མའི་འགྲེལ་ཆུང་》 བཅས་བཞུགས་སོ། 《བསྟན་རིམ་ཆེན་མོ》དེ་ནི་ལམ་སྒྲོན་གྱི་དགོངས་འགྲེལ་ཟླ་མེད་ཡིན་པས་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་ཡང་ཕལ་ཆེར་འདི་དང་མཐུན་པར་མཛད་དོ།།
- language:
- Tibetan