- grol sgom chos g.yung
- ID:
- T227052
- གྲོལ་སྒོམ་ཆོས་གཡུང (Tibetan, Tibetan script, Original)
- > grol sgom chos g.yung (Tibetan, Latin script, Transliteration-THL Extended Wylie Transliteration)
- > drol gom chö yung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དྭགས་པོའི་སློབ་མ་གྲུབ་རྟགས་མཆོག་ཏུ་གྱུར་པ་ཡིན་ཞིང༌། འདི་ཉིད་ཡབ་ལྷ་རྗེ་སྨོན་ལམ་འབར་དང་ཡུམ་རྣམ་ཤེས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ལུག(༡༡༠༣)ལོར་ཡུལ་འོལ་ཁར་སྐུ་འཁྲུངས། དགུང་ལོ་བཅུ་ལ་ཕེབས་སྐབས་ཡབ་ཀྱིས་ཆོས་སྔགས་དང་སྨན་བསླབས། དགུང་ལོ་བཅོ་ལྔར་ཕེབས་སྐབས་ཇོ་མོ་ཞིག་བླངས་པ་དེ་འདས་ཏེ་སྐྱོ་བ་སྐྱེས་ནས་དགེ་བཤེས་བྲག་རྩ་བ་ལ་སྡོམ་པ་བླངས། དེ་མ་ཐག་འདུལ་གྲོར་བྱོན་ནས་ཞང་སྟོན་ཤེས་རབ་འབར་ལ་འདུལ་བ་མཁྱེན་པར་བསླབས། ‘དེ་ནས་སྒམ་པོ་བ་ལ་དད་པ་དཔག་ཏུ་མེད་པ་སྐྱེས་ནས་སྤོང་ཐག་མཛད་དེ་གདམས་པ་རྣམས་ཞུས། ཞག་གཅིག་གི་བར་དུ་འོད་གསལ་ཐུན་གཅིག་ལ་བཞུགས་པ་ལ་སོགས་པའི་ཐུགས་དམ་མཆོག་ཏུ་གྱུར། འཇིག་རྟེན་གྱི་མཁའ་འགྲོ་མ་དབང་དུ་འདུས། ཡོ་བྱད་རྣམས་གྲོགས་ལ་བྱིན་ནས་ལོ་རོ་རས་ཆུང་པ་ལ་སྙན་བརྒྱུད་ཞུས། ཕྱྭ་ཡུལ་དུ་ལོ་གཉིས་བཞུགས། དེའི་ཚེ་རྟ་མགྲིན་ཞལ་གཟིགས་ནས་ལས་ཅན་གྱི་སློབ་མ་འབྱུང་བར་ལུང་བསྟན་པ་བཞིན་འགྲོ་མགོན་ཞང་བྱོན། རྒ་ལོ་དད་དེ་བར་དོའི་གདམས་པ་ཞུས། དེའི་ཚེ་གསང་གསོ་དང་ལྷ་སྟངས་ཀྱིས་དགུག་པ་ལ་སོགས་པའི་ནུས་པ་ཆེན་པོ་བརྙེས། བ་རི་ལོ་ཙཱ་བ་ལ་སྐྲུབ་ཐབས་བརྒྱ་རྩ་ལ་སོགས་པ་གསན། མཐར་དགུང་ལོ་དགུ་བཅུ་གོ་བདུན་པ་རབ་བྱུང་གསུམ་པའི་ས་ལུག(༡༡༩༩)ལོར་སྐུ་གཤེགས་སོ། །
- language:
- Tibetan
2. Thupten Phuntsok Dictionary
དྭགས་པོའི་སློབ་མ་གྲུབ་རྟགས་མཆོག་ཏུ་གྱུར་པ་ཡིན་ཞིང་། འདི་ཉིད་ཡབ་ལྷ་རྗེ་སྨོན་ལམ་འབར་དང་ཡུམ་རྣམཤེས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ལུག (༡༡༠༣) ལོར་ཡུལ་འོལ་ཁར་སྐུ་འཁྲུངས། དགུང་ལོ་བཅུ་ལ་ཕེབས་སྐབས་ཡབ་ཀྱིས་ཆོས་སྔགས་དང་སྨན་བསླབས། དགུང་ལོ་བཅོ་ལྔར་ཕེབས་སྐབས་ཐོ་མོ་ཡིག་བླངས་པ་དེ་འདས་ཏེ་སྐྱོ་བ་སྐྱེས་ནས་དགེ་བཤེས་བྲག་རྩ་བ་ལ་སྡོམ་པ་བླངས། དེ་མ་ཐག་འདུལ་གྲོར་བྱོན་ནས་ཞང་སྟོན་ཤེས་རབ་འབར་ལ་འདུལ་བ་མཁྱེན་པར་བསླབས། དེ་ནས་སྒམ་པོ་བ་ལ་དད་པ་དཔག་ཏུ་མེད་པ་སྐྱེས་ནས་སྤོང་ཐག་མཛད་དེ་གདམས་པ་རྣམས་ཞུས། ཞག་གཅིག་གི་བར་དུ་འོད་གསལ་ཐུན་གཅིག་ལ་བཞུགས་པ་ལ་སོགས་པའི་ཐུགས་དམ་མཆོག་ཏུ་གྱུར། འཇིག་རྟེན་གྱི་མཁའ་འགྲོ་མ་དབང་དུ་འདུས། ཡོ་བྱད་རྣམས་གྲོགས་ལ་བྱིན་ནས་ལོ་རོ་རས་ཆུང་པ་ལ་སྙན་བརྒྱུད་ཞུས། ཕྱྭ་ཡུལ་དུ་ལོ་གཉིས་བཞུགས། དེའི་ཚེ་རྟ་མགྲིན་ཞལ་གཟིགས་ནས་ལས་ཅན་གྱི་སློབ་མ་བྱུང་བར་ལུང་བསྟན་པ་བཞིན་འགྲོ་མགོན་ཞང་བྱོན། རྒ་ལོ་དད་དེ་བར་དོའི་གདམས་པ་ཞུས་། དེའི་ཚེ་གསང་གསོ་དང་ལྟ་སྟངས་ཀྱིས་དགུག་པ་ལ་སོགས་པའི་ནུས་པ་ཆེན་པོ་བརྙེགས། བ་རི་ལོ་ཙཱ་བ་ལ་སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་གསན། མཐར་དགུང་ལོ་དགུ་བཅུ་གོ་བདུན་པ་རབ་བྱུང་གསུམ་པའི་ས་ལུགས (༡༡༩༩) ལོར་སྐུ་གཤེགས་སོ། །
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་གཉིས་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ 1103 ལོར་འོལ་ཁ་ལ་ཡབ་ལྷ་རྗེ་སྨོན་ལམ་འབར་དང་། ཡུམ་རྣམ་ཤེས་སྐྱིད་གཉིས་[296]ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་མོ་ལུག་ལོ་སྟེ་སྤྱི་རེ་ལོ 1199 ལོར་སྐུ་གཤེགས། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། དགུང་ལོ་བཅུ་པར་ཡབ་ལས་གསང་སྔགས་ཀྱི་ཆོས་སྐོར་དང་གསོ་བ་རིག་པའི་གཞུང་བཅས་ལ་སྦྱངས་པར་མཛད། དགུང་ལོ་བཅོ་ལྔ་པར་ཁྱིམ་ཐབ་ཅིག་ཁབ་ཏུ་བཞེས་ཀྱང་ལོ་དེར་འདས་པས་སྐྱོ་བ་སྐྱེས་ནས་དགེ་བཤེས་བྲག་རྩ་བ་ལས་སྡོམ་པ་མནོས། ཞང་སྟོན་ཤེས་རབ་འབར་ལས་འདུལ་བའི་ཆོས་སྐོར་ལ་ལེཊ་པར་སྦྱངས། དེ་ནས་རྗེ་སྒམ་པོ་པ་ལ་དད་པ་དཔག་ཏུ་མེད་པ་སྐྱེས་ནས་རྒྱུད་ཀྱི་དབང་ལུང་ཁྲིད་གསུམ་དང་མན་ངག་ཟབ་མོ་རྣམས་ཞུས་པས་ཞག་གཅིག་གི་བར་དུ་འོད་གསལ་ཐུན་གཅིག་ལ་བཞུགས་པ་ལ་སོགས་པའི་ཐུགས་དམ་མཆོག་ཏུ་གྱུར། འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་དབང་དུ་འདུས། དེ་ནས་ཡོ་བྱད་རྣམས་གྲོགས་ལ་བྱིན་ནས་ལོ་རོ་རས་ཆུང་པ་ལས་སྙན་བརྒྱུད་རྣམས་ཞུས། འཇམ་དཔལ་གྱིས་ཞལ་གཟིགས་ནས་དབུ་རུ་ཕྱོགས་སུ་ལུང་བསྟན། ཕྱྭ་ཡུལ་དུ་ལོ་གཉིས་བཞུགས། དེའི་ཚེ་རྟ་མགྲིན་གྱིས་ཞལ་གཟིགས་ནས་ལས་ཅན་གྱི་སློབ་མ་འབྱུང་བར་ལུང་བསྟན་པ་བཞིན་འགྲོ་མགོན་ཞང་བྱོན། རྒྭ་ལོས་བར་དོའི་གདམས་པ་ཞུས་སོ། སྐུ་ཚེ་གང་བོར་བཤད་སྒྲུབ་གཉིས་ཀྱི་བསྟན་པ་བསྐྱངས་ནས་དུས་འདའ་བར་མཛད་དོ། ཁོང་ནི་དྭགས་པོ་ལྷ་རྗེའི་སློབ་མ་གྲུབ་ཆེན་བཞིའི་ཡ་གྱལ་ཡིན།།
- language:
- Tibetan