- glang thabs grang glang
- ID:
- T227104
- གླང་ཐབས་གྲང་གླང (Tibetan, Tibetan script, Original)
- > glang thabs grang glang (Tibetan, Latin script, Transliteration-THL Extended Wylie Transliteration)
- > langtab drang lang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(རྐྱེན་གྲང་བས་ལྡང་བ) ལྟོ་བ་སྦོ་ལྡིང་བྱེད། ལྡང་དུབ་མེད་པ་ཐེར་ཟུག་ཏུ་ན་བ། ཟས་མི་ཞུ་ཞིང་བད་ཀན་སྐྱུག་པ། ལུས་གྲང་བཞིན་རྔུལ་ཐོན་པ། (ཁྱད་པར་མ་ཞུ་བ) མི་འཕྲོད་པའི་ཟས་ཟོས་རྗེས་ན་ཟུག་ལྡང་བ། གང་མ་ཞུ་བ་དེའི་རུལ་སྒྲེག་མང་བ། སྐྱུག་མེར་ལངས་པ། ཟས་ཟོག་ཐོག་ཏུ་ན་བ། (ལོང་དུ་སྨུག་པོ་འཐབ་པ) ཐུར་སེལ་གྱི་རླུང་མི་ཐོན་པར་ཁོག་པའི་ནང་དུ་ཕར་འབོལ་དང་ཚུར་འབོལ་དུ་རྒྱུ་བ། ལྟོ་བ་འགྲངས་བ་དང་མཚན་མོའི་དུས་རྣམས་སུ་ཁྱད་པར་དུ་ན། ལྟོགས་ཤིང་ཉིན་མོའི་དུས་སུ་ཅུང་ཟད་བདེ། (རྒྱུ་མར་ཐུར་སེལ་འཁྱིལ་བ) ཕྱེན་མི་ཐོན། རླུང་གྱེན་དུ་འཁྲིལ་ཞིང་སྦོ་འཁྲོག་བྱེད་ཅིང་ཧྲིལ་ཧྲིལ་ན་བ། ཚབས་ཆེ་ན་རྒྱུ་ལོང་རྣམས་རླུང་གིས་གཅུས་ནས་འཁྲིལ་ན་བཅོས་ཐབས་དཀའོ། །
- language:
- Tibetan