- glang lung pa brtson 'grus gzhon nu
- ID:
- T227124
- གླང་ལུང་པ་བརྩོན་འགྲུས་གཞོན་ནུ (Tibetan, Tibetan script, Original)
- > glang lung pa brtson 'grus gzhon nu (Tibetan, Latin script, Transliteration-THL Extended Wylie Transliteration)
- > lang lungpa tsöndrü shyönnu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཉིད་ཡབ་སྣུབས་རྡོ་རྗེ་བཙན་གྲགས་དང་ཡུམ་ཧོར་བཟའ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཡོས(༡༡༢༣)ལོར་སྟོད་ལུང་འཚུར་གྱི་སྒང་རར་སྐུ་འཁྲུངས། བྱིས་པའི་དུས་ནས་ཚེ་འདི་ལ་ཞེན་པ་ལོག་པ། ལས་འབྲས་ལ་ཡིད་ཆེས་པ། འཁོར་བ་ལས་ཡིད་འབྱུང་བ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྣམས་རང་འཁྲུངས་སུ་བྱུང༌། དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་བྱ་ཡུལ་བའི་སློབ་མ་ཉག་མོ་བའི་དྲུང་དུ་བྱོན་ནས་གོ་མིའི་སྡོམ་པ་བླངས་ཤིང་གུས་པ་ཆེན་པོ་ཡང་སྐྱེས། སྤ་ཚབ་ལོ་ཙཱ་བའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་བརྩོན་འགྲུས་གཞོན་ནུར་བཏགས། ཉག་མོ་བའི་དྲུང་དུ་ལོ་བདུན་བཞུགས་ནས་ལམ་རིམ་ཞུས་པ་ལ་ཆོས་མ་རྫོགས་གོང་དགེ་བའི་བཤེས་གཉེན་སྐུ་གཤེགས། དགུང་ལོ་ཉི་ཤུ་རྩ་ལྔར་ཕེབས་སྐབས་བྱ་འདུལ་གྱིས་མཁན་པོ་དང༌། ཆ་པས་སློབ་དཔོན། སྟོན་པ་ཆོས་མཆོག་གིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། ཉག་མོ་བ་དང་བྱ་ཡུལ་བའི་སློབ་མ་དགེ་བཤེས་བཀྲ་ཤིས་སྒང་པ་ལོ་བརྒྱད་བསྟེན། དེ་ནས་གཙང་པ་རིན་པོ་ཆེའི་སྤྱན་སྔར་བྱོན་ནས་དབུ་མའི་ཐེ་ཚོམ་ཤིན་ཏུ་མང་པོ་བྱུང་བ་རྣམས་ཞུས་པས་དེ་རྣམས་ཀྱི་སྒྲོ་འདོགས་ཀྱང་བཅད། དེ་ལྟར་གཙང་པ་རིན་པོ་ཆེ་ལོ་ལྔ་བསྟེན། གཙང་པ་སྐུ་གཤེགས་རྗེས་གདན་ས་ལོ་སུམ་ཅུ་རྩ་གཉིས་མཛད་དེ་མཐར་དགུང་ལོ་བདུན་ཅུ་རྩ་གཅིག་པ་རབ་བྱུང་གསུམ་པའི་ཆུ་གླང(༡༡༩༣)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
འདི་ཉིད་ཡབ་སྣུབས་རྡོ་རྗེ་བཙན་གྲགས་དང་ཡུམ་ཧོར་བཟའ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཡོས (༡༡༢༣) ལོར་སྟོད་ལུང་འཚུར་གྱི་སྒང་རར་སྐུ་འཁྲུངས། བྱིས་པའི་དུས་ནས་ཚེ་འདི་ལ་ཞེན་པ་ལོག་པ། ལས་འབྲས་ལ་ཡིད་ཆེས་པ། འཁོར་བ་ལས་ཡིད་འབྱུང་བ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྣམས་རང་འཁྲུངས་སུ་བྱུང་། དེ་ནས་གཙང་པ་རིན་པོ་ཆེའི་སྤྱན་སྔར་བྱོན་ནས་དབུ་མའི་ཐེ་ཚོམ་ཤིན་ཏུ་མང་པོ་བྱུང་བ་རྣམས་ཞུས་པས་དེ་རྣམས་ཀྱི་སྒྲོ་འདོགས་ཀྱང་བཅད། དེ་ལྟར་གཙང་པ་རིན་པོ་ཆེ་ལོ་ལྔ་བསྟེན། གཙང་པ་སྐུ་གཤེགས་རྗེས་གདན་ས་ལོ་སུམ་ཅུ་རྩ་གཉིས་མཛད་དེ་མཐར་དགུང་ལོ་བདུན་ཅུ་རྩ་གཅིག་པ་རབ་བྱུང་གསུམ་པའི་ཆུ་གླང (༡༡༩༣) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ 1123 ལོར་སྟོད་ལུང་མཚུར་གྱི་སྒང་ར་ལ་ཡབ་སྣུབས་རྡོ་རྗེ་བཙན་གྲགས་དང་། ཡུམ་ཧོར་བཟའ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ 1193 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ལས་འབྲས་ལ་ཡིད་ཆེས་པ་དང་། འཁོར་བ་ལ་ངེས་འབྱུང་སྐྱེས་ཤིང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྣམས་རང་འཁྲུངས་སུ་བྱུང་། དགུང་ལོ་བཅོ་བརྒྱད་པར་སློབ་དཔོན་ཉག་མོ་བ་ལས་གོ་མིའི་སྡོམ་པ་བླངས་ཤིང་དད་པ་ཆེན་པོ་ཡང་སྐྱེས། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་དང་ཆོས་ཀྱི་པདྨ་གཉིས་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བརྩོན་འགྲུས་གཞོན་ནུ་ཞེས་གསོལ། སློབ་དཔོན་ཉག་མོ་བ་ལ་ལོ་ངོ་བདུན་དུ་བསྟེན་ནས་འདུལ་བ་དང་ལམ་འབྲས་བཅས་ལ་ལེགས་པར་གསན། དགུང་ལོ་ཉི་ཤུ་རྩ་ལྔ་པར་བྱ་འདུལ་གྱིས་མཁན་པོ་དང་། ཕྱྭ་པས་སློབ་དཔོན། སྟོན་པ་ཆོས་མཆོག་གིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། དགེ་བཤེས་བཀྲ་ཤིས་སྒང་པར་ལོ་ངོ་བརྒྱད་ཀྱི་རིང་དུ་ཙྭ་བསྟེན་ནས་རྩ་ལྟུང་རྒྱ་ཆེར་འགྲེལ་བ་དང་། དབུ་མ་ལ་སོགས་པའི་ཆོས་སྐོར་[302]རྣམས་གསན་ཞིང་སྣང་བ་ཐམས་ཅད་འགགས་ཏེ་ནམ་མཁའ་ལྟ་བུར་གྱུར། དེ་ནས་གཙང་པ་རིན་ཆེན་ནམ་མཁའ་རྡོ་རྗེ་ལ་ལོ་ཇོ་ལྔ་ཙམ་བསྟེན་ཞིང་ཇོ་བོ་རྗེའི་ཐབས་ལམ་དང་བདེན་གཉིས་བཅས་ལ་གསན་པར་མཛད་དེ་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས། རབ་བྱུང་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ 1162 ལོར་གྱ་ཡུལ་དགོན་གྱི་གདན་སར་ཕེབས་ཤིང་ལོ་ངོ་སུམ་ཅུ་རྩ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས་ཏེ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་བདུན་ཅུ་རྩ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྱ་ཡུལ་དགོན་གྱི་གདན་རབས་གསུམ་པ་ཡིན་ནོ།།
- language:
- Tibetan