Skip to main content Skip to search
glan ye shes shes rab
ID:
T227130
  • གླན་ཡེ་ཤེས་ཤེས་རབ (Tibetan, Tibetan script, Original)
    • > glan ye shes shes rab (Tibetan, Latin script, Transliteration-THL Extended Wylie Transliteration)
    • > len yeshe sherab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཀླུ་མེས་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ། འདི་ཉིད་བོད་ལྕགས་ཁྱི(༩༥༠འམ༡༠༡༠)ལོར་ཀླུ་མེས་ཀྱི་དྲུང་དུ་རབ་ཏུ་བྱུང༌། གླན་གྱིས་རྒྱ་སར་སྒང༌། གླག་མདའ། མཚལ་ཆུང་བཅས་བཟུང་བ་རྣམས་ལ་གླན་ཚོའམ་གླན་སྐོར་དུ་གྲགས།

language:
Tibetan

2. Thupten Phuntsok Dictionary

ཀླུ་མེས་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ། འདི་ཉིད་བོད་ལྕགས་ཁྱི (༩༥༠-༡༠༡༠) ལོར་ཀླུ་མེས་ཀྱི་དྲུང་དུ་རབ་ཏུ་བྱུང་། གླན་གྱིས་རྒྱ་སར་སྒང་། གླག་མདའ། མཚལ་ཆུང་བཅས་བཟུང་བ་རྣམས་ལ་གླན་ཚོའམ་གླན་སྐོར་དུ་གྲགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་དབུས་སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་འདུལ་འཛིན་ཆེན་པོ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ལས་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་མང་དུ་གསན། དེ་ནས་ཁོང་གིས་རྒྱ་སར་སྒང་དང་། གླག་མདའ། མཚལ་ཆུང་བཅས་བཟུང་སྟེ་འདུལ་བའི་བསྟན་པ་སྤེལ་ཞིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། ཆོས་རྒྱུད་དེ་ལས་གྱེས་པ་ལ་གླན་ཚོའམ་གླན་སྐོར་དུ་གྲགས་སོ། ཁོང་ནི་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ་ཞིག་ཡིན་ནོ།།

language:
Tibetan