Skip to main content Skip to search
gling sprul blo bzang lung rtogs bstan 'dzin 'phrin las
ID:
T227142
  • གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས (Tibetan, Tibetan script, Original)
    • > gling sprul blo bzang lung rtogs bstan 'dzin 'phrin las (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ling trul lo zang lungtok tendzin trinlé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ཉིད་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི(༡༨༥༠)ལོར་སྐུ་བལྟམས། སྐུ་ན་ཆུང་དུས་དཔལ་ལྡན་འབྲས་དཀར་སྤུངས་པར་ཆོས་ཞུགས་ཀྱིས་མདོ་སྔགས་ཀྱི་ཟབ་ཆོས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། དེ་རྗེས་རྒྱུད་ལ་ཕེབས་ནས་གསང་བ་སྔགས་ཀྱི་རིག་ལམ་ལ་མངའ་བརྙེས། རྒྱུད་སྟོད་མཁན་པོ་མཛད་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཤིང་ལུག(༡༨༩༥)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ཀི་ཡོངས་འཛིན་མཛད། བཀའ་རྩོམ་ཡང<<ཐེམ་སྐས་གཉིས་པ་སྒྲུབ་ཐབས་ངག་འདོན་བདུད་ལས་རྣམ་རྒྱལ>>ཞེས་པ་དང༌། <<བདག་འཇུག་བྱ་ཚུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཉེས་ལྟུང་གླང་པོ་འཇོམས་པའི་མཚོན་ཆ>><<ཁ་སྐོང་གི་སྦྱིན་སྲེག་བྱ་ཚུལ་སྡིག་ལྟུང་མུན་པ་འཇོམས་པའི་མཚོན་ཆ>><<ཁ་སྐོང་གི་སྦྱིན་སྲེག་བྱ་ཚུལ་སྡིག་ལྟུང་མུན་པ་འཇོམས་ཤིང་དངོས་གྲུབ་འོད་དཀར་འབྱེད་པའི་ཟླ་གཞོན>>སོགས་པོད་ཆུང་གཅིག་ཙམ་མཛད། དགུང་གྲངས་ང་གསུམ་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྟག་(༡༩༠༢)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ཉིད་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི (༡༨༥༠) ལོར་སྐུ་བལྟམས། སྐུ་ན་ཆུང་དུས་དཔལ་ལྡན་འབྲས་དཀར་སྤུངས་པར་ཆོས་ཞུགས་ཀྱིས་མདོ་སྔགས་ཀྱི་ཟབ་ཆོས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། དེ་རྗེས་རྒྱུད་ལ་ཕེབས་ནས་གསང་བ་སྔགས་ཀྱི་རིག་ལམ་ལ་མངའ་བརྙེས། རྒྱུད་སྟོད་མཁན་པོ་མཛད་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཤིང་ལུག (༡༨༩༥) ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་ཡོངས་འཛིན་མཛད། དགུང་གྲངས་ང་གསུམ་ལ་ཕེབས་རབ་བྱུང་བཅོ་ལྔ་པའི་ཆུ་སྟག (༡༩༠༢) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་ཁྲི་ལོ་སྟེ་སྤྱི་ལོ 1850 ལོར་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ 1902 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་འབྲས་སྤུངས་སུ་ཆོས་ཞུགས་མཛད་དེ་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་བྱང་བ་མཛད། དེ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད་ཅིང་ལྷ་ལྡན་སྨོན་ལམ་ཆེན་པོའི་གྲྭ་སྐོར་མཛད། རྒྱུད་སྟོད་དུ་ཞུགས་ཏེ་གསང་ཆེན་ཆོས་ཀྱི་ཆོ་ག་དང་ཕྱག་ལེན་བཅས་ལ་ནང་བྱན་ཚུད་པར་མཛད་ཅིང་རྒྱུད་པའི་བླ་མ་དབུ་མཛད་དང་མཁན་ཁྲིར་རིམ་གྱིས་ཕེབས་ནས་གསར་སྔགས་བསྟན་པའི་འཆད་ཉན་སྤེལ། རབ་བྱུང་བཅོ་ལྔ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ 1895 ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཡོངས་འཛིན་གྱི་འགན་འཁྲི་བཞེས་ཏེ་མདོ་སྔགས་ཆོས་ཀྱི་མཆོད་པ་ཕུལ། དགུང་ལོ་ལྔ་བཅུ་ང་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་གསུང་རྩོམ་ནི་《རིམ་གཉིས་ཀྱི་རྣམ་བཤད་དངོས་གྲུབ་ནོར་བུའི་མཛོད་ཀྱི་སྒོ་བརྒྱ་ལེགས་པར་འབྱེད་པའི་ལེགས་བཤད་རིན་ཆེན་གསེར་གྱི་ལྡེ་མིག》 [309] བཅས་ཆོས་ཚན་བཅོ་བརྒྱད་ལོངས་པའི་པོད་གཅིག་བཞུགས་སོ།།

language:
Tibetan