Skip to main content Skip to search
gling sman bkra 'bum
ID:
T227147
  • གླིང་སྨན་བཀྲ་འབུམ (Tibetan, Tibetan script, Original)
    • > gling sman bkra 'bum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ling men tra bum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅུ་གཉིས་པའི་མེ་རྟ་སྤྱི་ལོ༡༧༢༦ཤར་ཟླ་ཀླུང་སྔོན་མའི་འགྲམ་སྡེ་དགེའི་གླིང་ཚང་དུ་སྐུ་འཁྲུངས། དགུང་ལོ་དྲུག་པ་ནས་ཡི་གེ་འབྲི་ཀློག་ནས་བརྩམས་ཏེ་སློབ་སྦྱོང་གནང་། དགུང་ལོ་བཅུ་གཉིས་སོན་པ་དང་དཔལ་སྤུང་དགོན་དུ་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དྲུང་ནས་གསོ་བ་རིག་པ་ལ་དམིགས་གསལ་དུ་སྦྱོང་བརྩོན་གནང་སྟབས། རིག་གནས་སྤྱི་དང་ཁྱད་པ་གསོ་བ་རིག་པའི་མཁས་པའི་མཚན་སྙན་རྒྱས། རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་སྤྱི་ལོ་༡༧༥༤ལོར་དཔལ་སྤུངས་གནས་ལྔ་རིགས་པའི་སློབ་གླིང་ནང་དུ་གསོ་རིག་གི་བསྟན་པ་སྤེལ་བའི་ཕྲིན་ལས་པ་གཙོ་བོར་ཆགས། དགུང་ལོ་གྱ་གསུམ་པ་རབ་བྱུང་བཅུ་བཞི་པའི་ས་འབྲུག་སྤྱི་ལོ༡༨༠༨ལོར་ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་གདམས་ངག་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་རྒྱུད་བཞིའི་དཀའ་གནད་འགྲེལ་པ་རྩོམ་འགོ་ཚུགས། དགུང་ལོ་གྱ་ལྔ་པའི་ལྕགས་རྟ་སྤྱི་ལོ༡༨༡༠ལོར་ཡོངས་སུ་བརྩམས་གྲུབ། དེའི་རྗེས་དགུང་ལོ་ཇི་བཞུགས་མ་གསལ།

language:
Tibetan