- gling tshang thub bstan lung rtogs rnam rgyal 'phrin las
- ID:
- T227150
- གླིང་ཚང་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས (Tibetan, Tibetan script, Original)
- > gling tshang thub bstan lung rtogs rnam rgyal 'phrin las (Tibetan, Latin script, Transliteration-THL Extended Wylie Transliteration)
- > ling tsang tubten lungtok namgyal trinlé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཡོས(༡༩༠༣)ལོར་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་སྤང་ཕུ་གྲོང་ཚོའི་དཀར་སྦོག་ཚང་དུ་སྐུ་འཁྲུངས། གླིང་ཚང་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་དང༌། དགུང་ལོ་བཅུ་ལ་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་ཚོགས་ཆེན་སྤྲུལ་སྐུ་གནང༌། དགུང་ལོ་ཉི་ཤུ་རྩ་བཞི་མེ་སྟག་(༡༩༢༦)ལོར་དགེ་བཤེས་ལྷ་རམས་ཀྱི་མཚན་རྟགས་བཞེས་ཏེ་ལྷ་རམས་པའི་ཨང་གྲངས་གཉིས་པ་ཐོབ། ལོ་དེར་རྒྱུད་སྟོད་དུ་ཞུགས། རབ་བྱུང་བཅུ་དྲུག་པའི་ལྕགས་ལུག(༡༩༣༡)ལོ་ནས་རིམ་བཞིན་རྒྱུད་སྟོད་དགེ་བསྐོས་དང༌། དེ་རྗེས་བླ་མ་དབུ་མཛད་ལོ་གཉིས་གནང་ནས་རྒྱུད་སྟོད་མཁན་པོ་ལོ་གསུམ་གནང་སྐབས་ཆུ་བྱ(༡༩༣༣)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་པའི་སྐུ་གདུང་ཞབས་ཞུ་དང་གསུང་འབུམ་ཕྱོགས་སྒྲིག་གི་ཐུགས་འགན་བཞེས། ལྕགས་འབྲུག(༡༩༤༠)ལོ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་མཚན་ཞབས་དང་དེ་རྗེས་ཡོངས་འཛིན་སྐུ་གཞོན་པ་གནང་མུས་སུ་ས་གླང(༡༩༤༩)ལོ་ཙམ་ལ་ཤར་པ་ཆོས་རྗེ་གནང༌། སྟག་བྲག་སྐུ་གཤེགས་རྗེས་ཆུ་སྦྲུལ(༡༩༥༣)ལོར་ཡོངས་འཛིན་སྐུ་བགྲེས་པ་གནང༌། མེ་སྤྲེལ(༡༩༥༦)ལོར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང༌། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གནང༌། ས་ཕག(༡༩༥༩)ལོར་ཕྱི་རྒྱལ་དུ་ཕེབས། ཆུ་ཕག(༡༩༨༣)ལོར་དགུང་གྲངས་བརྒྱ་ཅུ་གྱ་གཅིག་ཐོག་རྒྱ་གར་དུ་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཡོས (༡༩༠༣) ལོར་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་སྤང་ཕུ་གྲོང་ཚོའི་དཀར་སྦོག་ཚང་དུ་སྐུ་འཁྲུངས། གླིང་ཚང་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་དང་། དགུང་ལོ་བཅུ་ལ་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་ཚོགས་ཆེན་སྤྲུལ་སྐུ་གནང་། དགུང་ལོ་ཉི་ཤུ་རྩ་བཞི་མེ་སྟག་ (༡༩༢༦) ལོར་དགེ་བཤེས་ལྷ་རམས་ཀྱི་མཚན་རྟགས་བཞེས་ཏེ་ལྷ་རམས་པའི་ཨང་གཉིས་པ་ཐོབ། ཆུ་ཕག (༡༩༨༣) ལོར་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ཐོག་རྒྱ་གར་དུ་སྐུ་གཤེགས།
- language:
- Tibetan