- gling yul
- ID:
- T227155
- གླིང་ཡུལ (Tibetan, Tibetan script, Original)
- > gling yul (Tibetan, Latin script, Transliteration-THL Extended Wylie Transliteration)
- > ling yul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནའ་དུས་བོད་བཙན་པོའི་སྐབས་ཀྱི་མདོ་ཁམས་འབྲི་ཆུའི་ཤར་བརྒྱུད་ཀྱི་ཡུལ་སྡེ་འདི་དག་གི་མིང་ཡིན་ཞིང་། ཡུལ་དེར་དབང་བསྒྱུར་བྱེད་མཁན་གྱི་དཔོན་པོ་ལ་གླིང་ཚང་ཞེས་ཟེར། སྤྱི་ལོའི་དུས་རབས་བཅུ་བདུན་པའི་དཀྱིལ་ཙམ་དུ་གླིང་དཔོན་འོག་གི་བློན་ཆེན་པོ་སྡེ་དགེའི་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་ཡུལ་གྲུ་ཕལ་ཆེར་བདག་བཟུང་བྱས་པས་དེས་བདག་ཏུ་བཟུང་བའི་ཡུལ་ལ་སྡེ་དགེ་ཐོགས་ཤིང་། གླིང་ཚང་གི་མངའ་ཁོངས་ཆུང་ངུ་ཙམ་ལས་མེད་པར་ཆགས་པ་རེད།
- language:
- Tibetan