- gleng gzhi phun sum tshogs pa
- ID:
- T227175
- གླེང་གཞི་ཕུན་སུམ་ཚོགས་པ (Tibetan, Tibetan script, Original)
- > gleng gzhi phun sum tshogs pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > leng shyi pünsum tsokpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གླེང་གཞི་ཕུན་སུམ་ཚོགས་པ་ནི་རྣམ་པ་ལྔ་སྟེ། གནས་ཕུན་སུམ་ཚོགས་པ་དང༌། སྟོན་པ་ཕུན་སུམ་ཚོགས་པ་དང༌། ཆོས་ཕུན་སུམ་ཆོགས་པ་དང༌། འཁོར་ཕུན་སུམ་ཚོགས་པ་དང༌། མཛད་པ་ཕུན་སུམ་ཆོགས་པའོ། ། དེ་ཡང་གནས་ཕུན་སུམ་ཚོགས་པ་གང་ཞེ་ན་དྲང་བའི་དོན་དུ་ཆོས་འབྱུང་གི་ནང་དུ་ཆུད་པའི་གཞལ་ཡས་ཁང་གདན་དང་བཅས་པ་ཡིན་ལ། ངེས་པའི་དོན་དུ་སེང་གེའི་ཁྲི་ཨ་ཡིག་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། ། སྟོན་པ་ཕུན་སུམ་ཚོགས་པ་གང་ཞེ་ན། དྲང་བའི་དོན་དུ། སངས་རྒྱས་ཤཱཀྱ་སེང་གེ་ཡིན་ལ། ངེས་པའི་དོན་དུ་ཝོ་ཡིག་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་བདག་ཉིད་དོ། ། ཆོས་ཕུན་སུམ་ཆོགས་པ་གང་ཞེ་ན། མཆོག་གི་དང་པོའི་སངས་རྒྱས་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པའོ། །
- language:
- Tibetan
2. Thupten Phuntsok Dictionary
གླེང་གཞི་ཕུན་སུམ་ཚོགས་པ་ནི་རྣམ་པ་ལྔ་སྟེ། གནས་ཕུན་སུམ་ཚོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་དང་། ཆོས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། མཛད་པ་ཕུན་སུམ་ཚོགས་པའོ། །དེ་ཡང་གནས་ཕུན་སུམ་ཚོགས་པ་གང་ཞེ་ན་དྲང་བའི་དོན་དུ་ཆོས་འབྱུང་གི་ནང་དུ་ཆུད་པའི་གཞལ་ཡས་ཁང་གདན་དང་བཅས་པ་ཡིན་ལ། ངེས་པའི་དོན་དུ་སེང་གེའི་ཁྲི་ཨ་ཡིག་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། ། སྟོན་པ་ཕུན་སུམ་ཚོགས་པ་གང་ཞེ་ན། དྲང་བའི་དོན་དུ། སངས་རྒྱས་ཤཱཀྱ་སེང་གེ་ཡིན་ལ། ངེས་པའི་དོན་དུ་ཝཾ་ཡིག་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་བདག་ཉིད་དོ། །ཆོས་ཕུན་སུམ་ཚོགས་པ་གང་ཞེ་ན། མཆོག་གི་དང་པོའི་སངས་རྒྱས་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པའོ། །
- language:
- Tibetan