- glo gcong chen po zad byed
- ID:
- T227186
- གློ་གཅོང་ཆེན་པོ་ཟད་བྱེད (Tibetan, Tibetan script, Original)
- > glo gcong chen po zad byed (Tibetan, Latin script, Transliteration-THL Extended Wylie Transliteration)
- > lo chong chenpo zé jé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ནད་ཞུགས་ཚུལ་དང་། ནད་ཀྱི་སྟོབས། ནད་ཀྱི་མཚན་ཉིད་བཅས་ལ་བལྟོས་ནས་བཏགས་པའི་གཅོང་ཆེན་ཟད་བྱེད་ཀྱི་མིང་སྟེ། མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་རྒྱུད་བཞི་བཀའ་མཆན་འདོད་འབྱུང་ནོར་བུའི་མེ་ལོང་ལས། གློ་གཅོང་ཆེན་པོ་ཟེར་བའི་ངེས་ཚིག་སྤྱིར་བུ་གའི་རྒྱུ་ལམ་ཐམས་ཅད་ལ་གནོད་པ་ཡིན། དེའང་བུ་ག་འགག་པའམ། ཤིན་ཏུ་བྱེ་བ་ཡིན་ལ། བྱེ་བྲག་ཏུ། བུ་གར་རྒྱུ་བའི་རླུང་གིས་བུ་ག་བྱེད་ལས་དང་ལྡན་པར་བྱེད་པ་ལས། འདིར་ཟུངས་སོགས་རྒྱུ་བའི་བུ་ག་ལུས་ཐམས་ཅད་ལ་ཁྱབ་པ་དང་། བྱེ་བྲག་དབུགས་ཀྱི་ཉེར་ལེན་རྩ་བ་གློ་བ་དེ་རྩ་སྦུབས་མང་བ་ཡིན་ལ། ཟས་ཐོག་མར་ཞུ་བ་ལུས་སྟོད་དུ་གཅོང་ཆེན་ཐོག་མར་ཞུ་བ་ལུས་སྟོད་དུ་གཅོང་ཆེན་ཐོག་མར་འབབ་པས་དེ་བྱུང་ལྟ་བུ་ལ་བཏགས། ཆེན་པོ་ནི་ནད་གཞི་མང་པོའི་རྗེས་སུ་འབྲངས་ཤིང་། ནད་མང་པོའི་སྔོན་དུ་འགྲོ་བ། རང་ཉིད་ནད་ཀུན་ལས་གསལ་ཞིང་རགས་ལ་ནད་ཐམས་ཅད་སྐྱེད་པའི་བུ་ག་ཀུན་ཏུ་འཁྲུགས་པའི་ནད་ཆེན་པོ་རྒྱལ་པོ་ལྟ་བུའོ། །ཟད་བྱེད་ཅེས་པ་ནི་ལུས་ཐམས་ཅད་ཟུངས་མེད་པས་རིམ་པར་སྐེམ་པའོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan