- glo gcong nad bzhi
- ID:
- T227187
- གློ་གཅོང་ནད་བཞི (Tibetan, Tibetan script, Original)
- > glo gcong nad bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > lo chong né shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
༡ (རླུང་ལས་གྱུར་པའི་གཅོང) ཀླད་པ་དང་རྩིབ་ལོགས་ན། ཡན་ལག་རྣམས་ན། སྐད་འགགས། མགུལ་པ་སུབ་སྙམ་བྱེད། ༢ (མཁྲིས་པ་ལས་གྱུར་པའི་གཅོང) རྐང་ལག་དང་། ཕྲག་པ་རྣམས་ཚ་བ། ཚད་པས་འཁྲུ་བ། ཁྲག་སོགས་སྐྱུག་པ། དྲི་ཁ་བས་སྣ་ཟ་བ། ལུས་བྱིངས་རིམས་ཀྱིས་ཐེབས་པ་དང་འདྲ་བ་ན་བ། ༣ (བད་ཀན་ལས་གྱུར་པའི་གཅོང་) ལུས་ལྕི། སྐྱུག་པ། ཡི་ག་འཆུས་པ། མཆིལ་སྣབས་མང་བ། ཆམ་པ་ཕོག་པ། ཕོ་བའི་མེ་དྲོད་ཉམས་པ། ༤ (གཅོང་ཆེན་གྱི་གཅོང་ནད) ཟས་མི་ཞུ་བ་དང་། འཁྲུ་བ། སྐྱུག་པ། ཆམ་པ་ཕོག་པ། ལུད་པ་མང་བ། སྐད་འགགས་པ། ཡི་ག་འཆུས་པ་བཅས་སོ། །མ་ཞུ་བའི་རྐྱེན་ལས་བྱུང་བའོ། །
- language:
- Tibetan