- glo bur nad lnga
- ID:
- T227206
- གློ་བུར་ནད་ལྔ (Tibetan, Tibetan script, Original)
- > glo bur nad lnga (Tibetan, Latin script, Transliteration-THL Extended Wylie Transliteration)
- > lobur né nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གློ་བུར་ཞེས་སྔོན་མེད་འཕྲལ་བྱུང་གི་དོན་ཏེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། གློ་བུར་སྔོན་མེད་འཕྲལ་བྱུང་དོན། ཞེས་གསུངས་པ་ལྟར་གྱི་སྔོན་མེད་འཕྲལ་བྱུང་གི་ནད་ལྔ་ནི་གག་པ་དང་། ཕོ་ལོག ཉྭ་ལོག ལྷོག་པ། སྣ་ཁྲག་མང་དུ་ཤོར་བ་བཅས་ལྔ་ལ་ཟེར་ཏེ། རྒྱུད་ཆུང་བདུད་རྩི་སྙིང་པོ་ལས། གློ་བུར་ནད་ལྔ་གག་པ་ཕོ་ལོག་དང་། ཉྭ་ལོག་ལྷོག་པ་སྣ་ཁྲག་བསྐྱེལ་མ་བསྟེན། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan