Skip to main content Skip to search
dga' ldan sgrub mchod
ID:
T227301
  • དགའ་ལྡན་སྒྲུབ་མཆོད (Tibetan, Tibetan script, Original)
    • > dga' ldan sgrub mchod (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ganden drupchö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལོ་ལྟར་བོད་ཟླ་གཉིས་པའི་ཚེས་གསུམ་ནས་བཅོ་ལྔའི་བར་དགའ་ལྡན་དུ་གསང་སྔགས་རྒྱུད་སྡེ་བཞིའི་སྒྲུབ་ཐབས་ཉམས་བཞེས་ཀྱི་སྒྲུབ་མཆོད་ཚུགས་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བདེ་འཇིགས་གསུམ་དང༌། དུས་འཁོར། ཕྱག་རྡོར་འཁོར་ཆེན་སོགས་ཀྱི་ཆོ་ག་ཉམས་བཞེས་ཀྱིས་སྒྲུབ་མཆོད་གནང་ལམ་ཡོད་པ་དེ་ནི་ཙོང་ཁ་པའི་མཛད་ཆེན་བཞིའི་ཡ་གྱལ་ཞིག་ཡིན། མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས་སྒྲུབ་མཆོད་རྣམས་མིང་ཙམ་དུ་གྱུར་པའི་ཚེ་མཆོད་པ་སོགས་དགོས་ཆ་མཐའ་དག་གཞུང་དང་སྟག་རྩེ་རྫོང་ནས་བསྟན་པ་ཇི་སྲིད་བར་གཏོང་བའི་གཏོང་ཐེབས་གནང་ཞིང༌། དེ་དོན་བཞིན་ལྷ་སྲས་ད་ལས་བ་དུར་ནས་ཀྱང་རྒྱལ་བ་ཙོང་ཁ་པའི་བསྟན་པ་ལ་མི་ཕྱེད་པའི་དད་པས་སྟག་རྩེ་ནས་གཏོང་དགོས་མཐའ་དག་ལོ་རེ་བཞིན་ཇེ་རྒྱས་མཛད་ལ། ཟླ་བ་གཉིས་པའི་སྒྲུབ་མཆོད་ཁག་རྣམས་གཞི་འཛུགས་ལྟ་བུ་མཛད་པས་བསྟན་པའི་མིག་རྒྱན་ལ་ཕན་པར་མཛད་པ་ལགས་སོ་ཞེས་གསལ་བ་ལྟར་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱས་སྐབས་སྟག་རྩེ་ནས་སྒྲུབ་མཆོད་ཀྱི་མཐུན་རྐྱེན་སྦྱར་ཞིང་གྲ་རྒྱས་སུ་བཏང་བ་ནས་བཟུང་སྟག་རྩེ་སྒྲུབ་མཆོད་ཅེས་པའི་མིང་ཐོགས་སོ།

language:
Tibetan

2. Thupten Phuntsok Dictionary

ལོ་ལྟར་བོད་ཟླ་གཉིས་པའི་ཚེས་གསུམ་ནས་བཅོ་ལྔའི་བར་དགའ་ལྡན་དུ་གསང་སྔགས་རྒྱུད་སྡེ་བཞིའི་སྒྲུབ་ཐབས་ཉམས་བཞེས་ཀྱི་སྒྲུབ་མཆོད་ཚུགས་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བདེ་འཇིགས་གསུམ་དང་། དུས་འཁོར། ཕྱག་རྡོར་འཁོར་ཆེན་སོགས་ཀྱི་ཆོ་ག་ཉམས་བཞེས་ཀྱིས་སྒྲུབ་མཆོད་གནང་ལུགས་ཡོད་པ་དེ་ནི་ཙོང་ཁ་པའི་མཛད་ཆེན་བཞིའི་ཡ་གྱལ་ཞིག་ཡིན། མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས་སྒྲུབ་མཆོད་རྣམས་མིང་ཙམ་དུ་གྱུར་པའི་ཚེ་མཆོད་པ་སོགས་དགོས་ཆ་མཐའ་དག་གཞུང་དང་སྟག་རྩེ་རྫོང་ནས་བསྟན་པ་ཇི་སྲིད་བར་གཏོང་བའི་གཏོང་ཐེབས་གནང་ཞིང་། དེ་དོན་བཞིན་ལྷ་སྲས་ད་ལས་བ་དུར་ནས་ཀྱང་རྒྱལ་བ་ཙོང་ཁ་པའི་བསྟན་པ་ལ་མི་ཕྱེད་པའི་དད་པས་སྟག་རྩེ་ནས་གཏོང་དགོས་མཐའ་དག་ལོ་རེ་བཞིན་ཇེ་རྒྱས་མཛད་ལ། ཟླ་བ་གཉིས་པའི་སྒྲུབ་མཆོད་ཁག་རྣམས་གཞི་འཛུགས་ལྟ་བུ་མཛད་པས་བསྟན་པའི་མིག་རྒྱན་ལ་ཕན་པར་མཛད་པ་ལགས་སོ་ཞེས་གསལ་བ་ལྟར་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱས་སྐབས་སྟག་རྩེ་ནས་སྒྲུབ་མཆོད་ཀྱི་མཐུན་རྐྱེན་སྦྱར་ཞིང་གྲ་རྒྱས་སུ་བཏང་བ་ནས་བཟུང་སྟག་རྩེ་སྒྲུབ་མཆོད་ཅེས་པའི་མིང་ཐོགས་སོ། །

language:
Tibetan