Skip to main content Skip to search
dga' ldan shar rtse grwa tshang
ID:
T227315
  • དགའ་ལྡན་ཤར་རྩེ་གྲྭ་ཚང (Tibetan, Tibetan script, Original)
    • > dga' ldan shar rtse grwa tshang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ganden shar tsé dratsang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཤར་རྩེ་གྲྭ་ཚང་ནི་རྗེ་རིན་པོ་ཆེའི་དངོས་སློབ་གནས་བརྟན་རིན་ཆེན་རྒྱལ་མཚན་གྱིས་ཕྱག་བཏབ་ཅིང༌། གྲྭ་ཁང་མདུན་ངོས་ཉིས་ཐོག་དང༌། རྒྱབ་ཕྱོགས་བཞི་ཐོག སྒོ་འཕྱོར་ཀ་བ་དྲུག འདུ་ཁང་ཀ་རིང་བརྒྱད་དང་བཅས་ཀ་བ་བདུན་ཅུ། འདུ་ཁང་སྦུག་ཏུ་ཞལ་རས་ལྷ་ཁང་ཀ་བ་བཞིརྟེན་གཙོ་མཐེ་པོ་སྤྲུལ་སྐུ་སྐུ་ཕྲེང་དང་པོས་བཞེངས་པའི་རྗེ་ཡབ་སྲས་གསུམ་གྱི་འཇིམ་སྐུ་ཐོག་ཚད་མ། པཎ་ཆེན་བསོད་གྲགས་ཀྱི་འདྲ་སྐུ། མཁན་པོ་རང་སངས་རྒྱས་ཀྱི་གདུང་རྟེན། གཡུ་ལོ་སྐུ་ཕྲེང་དང་པོའི་ཐུགས་དམ་གྱི་རྟེན་སྒྲོལ་མ་ལྕགས་སྒྲོག་མ། མལ་གྲོ་རྒྱལ་བཟང་གི་ཇོ་བོ་སོགས་སྐུ་གསུང་ཐུགས་རྟེན་མང་པོ་ཡོད། གྱང་ལྡེབས་ཤར་ངོས་སུ་ཙོང་ཁ་བརྒྱད་ཅུ་དང༌། ནུབ་ངོས་གཞི་མཚལ་ལ་གསེར་བྲིས་ཀྱི་ཚེ་དཔག་མེད། སྒོ་འགྲམ་གཡས་གཡོན་དུ་ཆོས་སྲུང༌། གསེང་གཡབ་ཏུ་རྗེ་རིན་པོ་ཆེ་སོགས་ཀྱི་བླ་སྐུ། སྒོ་འཕྱོར་དུ་རྒྱལ་ཆེན་སྡེ་བཞི་སོགས་ལྡེབས་བྲིས། སྒོ་འཕྱོར་སྟེང་རབ་གསལ་དེའི་མཐའ་སྐོར་དུ་ལས་ཤག་སོགས་ཁང་མིག་མང་པོ་དང༌། རྩེ་ཐོག་ཏུ་རྒྱལ་བའི་གཟིམ་ཆུང་དང་གཞན་ཡང་མཁན་པོའི་བཞུགས་ཁང་ལེ་ལག་དང་བཅས་པ་ཡོད། འདུ་ཁང་གི་ཤར་ངོས་ཆོས་ར་ཡིན། གནས་བརྟན་རིན་ཆེན་རྒྱལ་མཚན་ནས་སྤོམ་པོར་བློ་བཟང་ཆོས་འཕེལ་བར་མཁན་རབས་སུམ་ཅུ་སོ་དྲུག་གི་མཚན་བེ་སེར་ནང་དུ་གསལ་བ་དང༌། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་མཁན་པོ་ལས་ཐོག་ཕུ་ཁང་ཁ་རུ་བ་བློ་བཟང་ཆོས་འཕེལ་ཡིན། འཆད་ཉན་གཙོ་བོ་རྗེ་ཡབ་སྲས་དང་པཎ་ཆེན་བསོད་གྲགས་ཀྱི་ཡིག་ཆར་གཞི་འཛིན། སྲུང་མ་བསེ་ཁྲབ་པ་བསྟེན་གྱིཡོད་འདུག སྟག་རྩེ་སྒྲུབ་མཆོད་སྐབས་འདོན་བཟང་པ་རྣམས་ནས་ཡངས་ཅན་དུ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་རྡུལ་ཚོན་སྒྲུབ་མཆོད་ཚུགས་སྲོལ།

language:
Tibetan

2. Thupten Phuntsok Dictionary

ཤར་རྩེ་གྲྭ་ཚང་ནི་རྗེ་རིན་པོ་ཆེའི་དངོས་སློབ་གནས་བརྟན་རིན་པོ་ཆེ་རྒྱལ་མཚན་གྱིས་ཕྱག་བཏབ་ཅིང་། གྲྭ་ཁང་མདུན་ངོས་ཉིས་ཐོག་དང་། རྒྱབ་ཕྱོགས་བཞི་ཐོག སྒོ་འཕྱོར་ཀ་བ་དྲུག འདུ་ཁང་སྦུག་ཏུ་ཞལ་རས་ལྷ་ཁང་ཀ་བ་བཞི། རྟེན་གཙོ་མཐེ་པོ་སྤྲུལ་སྐུ་སྐུ་ཕྲེང་དང་པོས་བཞེངས་པའི་རྗེ་ཡབ་སྲས་གསུམ་གྱི་འཇིམ་སྐུ་ཐོག་ཚད་མ། པཎ་ཆེན་བསོད་གྲགས་ཀྱི་འདྲ་སྐུ། མཁན་པོ་རང་སངས་རྒྱས་ཀྱི་གདུང་རྟེན། གཡུ་ལོ་སྐུ་ཕྲེང་དང་པོའི་ཐུགས་དམ་གྱི་རྟེན་སྒྲོལ་མ་ལྕགས་སྒྲོག་མ། མལ་གྲོ་རྒྱལ་བཟང་གི་ཇོ་བོ་སོགས་སྐུ་གསུང་ཐུགས་རྟེན་མང་པོ་ཡོད་དོ། །

language:
Tibetan