- dga' ba bcu drug skyes pa'i rim pa
- ID:
- T227323
- དགའ་བ་བཅུ་དྲུག་སྐྱེས་པའི་རིམ་པ (Tibetan, Tibetan script, Original)
- > dga' ba bcu drug skyes pa'i rim pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > gawa chudruk kyepé rimpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དེ་ཡང་ཕྱི་རོལ་ཏུ་ཟླ་བ་ལ་དཀར་ཕྱོགས་ཀྱི་ཆ་བཅོ་ལྔ་དང་དེའི་མཐའི་ཆ་བཅུ་དྲུག་པ་གཅིག་དང་། ནག་ཕྱོགས་ཀྱི་ཆ་བཅོ་ལྔ་དང་དེའི་མཐའི་ཆ་བཅུ་དྲུག་པ་སྟེ་སུམ་ཅུ་རྩ་གཉིས་ཡོད་ལ། དཀར་ཕྱོགས་ཀྱི་ཚེས་གཅིག་ནས་ལྔའི་བར་དཀར་པོ་ལྔ་འགག་པའི་དགའ་བ་ལྔ། ཚེས་དྲུག་ནས་བཅུའི་བར་ཁམས་ལྔ་འགག་པའི་དགའ་བ་ལྔ། བཅུ་ནས་བཅོ་ལྔའི་བར་དབང་པོ་ལྔ་འགག་པའི་དགའ་བ་ལྔ། ཆ་བཅུ་དྲུག་པ་ནི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆ་རྣམས་འགག་པའི་དགའ་བ་ཡིན། འདི་ལ་ཡས་འབབ་ཀྱི་དགའ་བ་བཅུ་དྲུག་ཉིད་ལ་རྩལ་སྦྱོང་བ་རྗེས་དྲན་སྒོམ་ལམ། མས་བརྟན་གྱི་དགའ་བ་བཅུ་དྲུག་རྫོགས་པ་ནི་ཏིང་ངེ་འཛིན་མ་སློབ་ལམ་ཡིན་པས། དེའི་ཚེ་དཀར་དམར་དག་པའི་འབྲས་བུ་དཔེ་འབྲུབ་པ་ཡིན་ནོ། །
- language:
- Tibetan