- dga' ba bzhi po'i nyams myong gi khyad par ni
- ID:
- T227325
- དགའ་བ་བཞི་པོའི་ཉམས་མྱོང་གི་ཁྱད་པར་ནི (Tibetan, Tibetan script, Original)
- > dga' ba bzhi po'i nyams myong gi khyad par ni (Tibetan, Latin script, Transliteration-THL Extended Wylie Transliteration)
- > gawa shyipö nyamnyong gi khyepar ni (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དང་པོ་དགའ་བའི་བདེ་ནི་མཆོག་དགའ་ལ་ལྟོས་ཏེ་བདེ་བ་ཆུང་བས་ན་ཅུང་ཟད་ཉིད་དོ། །གཉིས་པ་དགའ་བ་དང་པོ་ལས་ཆེས་ལྷག་པའི་བདེ་བ་དང་ལྡན་པས་མཆོག་ཏུ་དགའ་བ་དེ་བས་ལྷག་པ་དང་། གསུམ་པ་དགའ་བྲལ་ནི་གཟུགས་སོགས་ཡུལ་ལ་དབང་པོའི་འཛིན་པ་དང་བྲལ་ཞིང་། ཡིད་ཀྱི་རྣམ་ཤེས་ཙམ་ལ་བརྟེན་ནས་བདེ་བའི་ཡུལ་དུ་དམིགས་པ་ནི་དགའ་སྟེ། དེ་ཡང་དགའ་བ་དང་བདེ་བར་འཛིན་པ་དང་བྲལ་བའི་ཤེས་པ་ཀུན་རྫོབ་ཀྱི་རང་བཞིན། འདོད་ཆགས་ཀྱི་ཡུལ་ལ་མ་ཐོགས་པས་བྲལ་བའང་དེ་ཡིན་ལ། མ་ཆགས་པ་ཡང་དེ་ཡིན་པས་ཆགས་བྲལ་ཡིན་ནོ། །བཞི་པ་ནི་དགའ་བ་ལ་སོགས་པ་གསུམ་འདས་པའི་རྗེས་ལ་ཐོབ་པ་རྡོ་རྗེ་ནོར་བུ་ལས་འཕོ་བ་མེད་པ་རྣམ་པ་མི་རྟོག་པའི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ནོ། །ཞེས་བརྟག་གཉིས་འགྲེལ་པ་གཞོམ་མེད་རྡོ་རྗེའི་གསང་བ་འབྱེད་པ་ལས་གསུངས།
- language:
- Tibetan