- dga' ba bzhi po'i rtogs pa'i khyad par ni
- ID:
- T227326
- དགའ་བ་བཞི་པོའི་རྟོགས་པའི་ཁྱད་པར་ནི (Tibetan, Tibetan script, Original)
- > dga' ba bzhi po'i rtogs pa'i khyad par ni (Tibetan, Latin script, Transliteration-THL Extended Wylie Transliteration)
- > gawa shyipö tokpé khyepar ni (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དང་པོ་ལས་རྒྱ་མའི་པདྨ་ལ་རྡོ་རྗེ་རེག་པར་འདོད་ལས་ཉམས་སུམ་མྱོང་བ་དགའ་བ་དང་། གཉིས་པ་དབང་པོ་མཉམ་པར་སྦྱར་བས་བདེ་བ་ལྷག་པར་ཐོབ་པར་འདོད་པ་མཆོག་ཏུ་དགའ་བ། གསུམ་པ་བདེ་བས་རྒྱུད་གང་ནས་དེ་བས་ལྷག་པའི་བདེ་བ་སླར་ཐོབ་འདོད་དང་བྲལ་བས་དགའ་བྲལ་འདོད་ཆགས་འཇིག་ཅིང་ཉམས་པ་ཉིད་ཡིན་པས། དེས་ན་དགའ་བ་སྔ་མ་གཉིས་རྐྱེན་གྱིས་སྐྱེ་བ་དང་། གསུམ་པ་ནི་ཉམས་ཤིང་འཇིག་པའི་ཕྱོགས་ཀྱི་སྐྱོན་དང་བཅས་པར་རྟོགས་ཏེ། མཐའ་དེ་གཉིས་སྤངས་པའི་དགའ་བ་བཞི་པ་ལྷན་སྐྱེས་ཁོ་ན་བསྒོམ་པར་བྱའོ། །ཞེས་བརྟག་གཉིས་འགྲེལ་པ་གཞོམ་མེད་རྡོ་རྗེའི་གསང་བ་འབྱེད་པ་ལས་གསུངས།
- language:
- Tibetan