- dga' ba bzhi po'i dpe'i khyad par ni
- ID:
- T227327
- དགའ་བ་བཞི་པོའི་དཔེའི་ཁྱད་པར་ནི (Tibetan, Tibetan script, Original)
- > dga' ba bzhi po'i dpe'i khyad par ni (Tibetan, Latin script, Transliteration-THL Extended Wylie Transliteration)
- > gawa shyipö pé khyepar ni (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དགའ་བ་དང་པོ་དཔའ་བོ་ལྟ་བུ་ཉིད་དེ། རྟོག་པ་རགས་ཤིང་བདེ་བ་ཆུང་བས་སོ། །གཉིས་པ་མཆོག་དགའ་ནི་རྣལ་འབྱོར་མ་ལྟ་བུ་སྟེ། རྟོག་པ་ཕྲ་ཞིང་བདེ་བ་ཆེ་བས་སོ། །གསུམ་པ་ཤིན་ཏུ་བདེ་བའམ་དགའ་བྲལ་ནི་བདེ་བ་ཐམས་ཅད་ངེས་པ་སྟེ། རྟོག་པ་ཕྲ་བདེ་བ་སྐྱེད་པའི་ཐབས་ལས་ཡང་དག་པར་རྟོགས་ཤིང་རིག་པ་སྟེ། རྟོག་པ་ཕྲ་རགས་སྤངས་ཤིང་བདེ་བས་རྒྱུད་གང་བས་སོ། །བཞི་པ་ལྷན་སྐྱེས་ནི་དེ་ལྟ་བུའི་བདེ་བ་སྐྱེད་པའི་ཐབས་ལས་ཡང་དག་པར་རྟོགས་ཤིང་རིག་པ་སྟེ། རྟོག་པ་མཐའ་དག་དང་བྲལ་བའི་བདེ་ཆེན་གྱི་ཡེ་ཤེས་ཡིན་པས་སོ། །ཞེས་བརྟག་གཉིས་འགྲེལ་པ་གཞོམ་མེད་རྡོ་རྗེའི་གསང་བ་འབྱེད་པ་ལས་གསུངས།
- language:
- Tibetan