- dga' bzhi bskyed tshul
- ID:
- T227335
- དགའ་བཞི་བསྐྱེད་ཚུལ (Tibetan, Tibetan script, Original)
- > dga' bzhi bskyed tshul (Tibetan, Latin script, Transliteration-THL Extended Wylie Transliteration)
- > ga shyi kyé tsul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལྟེ་འོག་སོར་བཞིར་ཆོས་འབྱུང་གནས། །དོན་དུ་གཏུམ་མོ་རྒྱ་ཁབ་ཙམ། །དམར་གསལ་གྱེན་དུ་འབར་བ་ཡི། །ཧཾ་མགོ་ཐུར་ལ་བསྟན་པ་དེ། །འོད་དུ་ལྟེམས་ཀྱིས་འབྱུང་ཚུལ་ནི། །ཀླད་དཀྱིལ་བབས་པས་དགའ་བ་སྐྱེས། །དེ་ཕྱེད་མགྲིན་པར་བརྒྱད་འཛག་པས། །དེ་ཡིས་བདེ་བ་མཆོག་དགའ་སྐྱེས། །དེ་ཕྱེད་སྙིང་ཁར་བཞི་འཛག་པས། །དགའ་བྲལ་བདེ་སྟོང་དགའ་བ་སྐྱེས། །དེ་ཕྱེད་ལྟེ་བར་གཉིས་འཛག་པས། །ལུས་མེད་མཉམ་པའི་དགའ་བ་སྐྱེས། །བདེ་སྟོང་དབྱེར་མེད་བདེ་བའི་མཆོག །ལྷན་སྐྱེས་ཡེ་ཤེས་དགའ་བ་སྐྱེས། །ཞེས་གསང་འདུས་ལས་གསུངས། །
- language:
- Tibetan