- dga' bzhi'i ngo bo
- ID:
- T227336
- དགའ་བཞིའི་ངོ་བོ (Tibetan, Tibetan script, Original)
- > dga' bzhi'i ngo bo (Tibetan, Latin script, Transliteration-THL Extended Wylie Transliteration)
- > ga shyi ngowo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྣལ་འབྱོར་པ་གང་གིས་དགའ་བའི་རིམ་པ་ཉམས་སུ་མྱོང་བའི་དུས། དང་པོ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ལ་འཆར་བ་ནི་དགའ་བ་ཙམ་ལས་ཁྱད་པར་གྱི་ཆོས་གཞན་མེད་པ་ཉིད་དེ། བདེ་བ་ཆུང་ཞིང་ཆགས་པས་རེག་པ་སོགས་འདོད་པས་སོ། །གཉིས་པའི་གྲངས་ཅན་རྣམ་པ་སྨིན་པའི་སྐད་ཅིག་མ་ལ་འཆར་བ་ནི། མཆོག་ཏུ་དགའ་བ་ཉིད་དེ་བདེ་བ་ཆེ་ཞིང་ལྷག་པར་བདེ་བ་འདོད་པས་སོ། །གསུམ་པ་རྣམ་པར་ཉིད་པའི་སྐད་ཅིག་མ་ལ་འཆར་བ་ནི། དགའ་བྲལ་གྱི་དགའ་བར་བཤད་དེ། བདེ་བས་ཚིམས་ནས་སླར་བདེ་བ་ཐོབ་འདོད་ཀྱི་ཆགས་པ་དང་བྲལ་བས་སོ། །བཞི་པ་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ལ་འཆར་བ་ཁོ་ན་རྟོག་མེད་ལྷན་ཅིག་སྐྱེས་པའི་དགའ་བར་བརྗོད་དེ། རྟོག་པ་དང་བྲལ་ཞིང་བདེ་སྟོང་རོ་མཉམ་པས་སོ། །ཞེས་བརྟག་གཉིས་འགྲེལ་པ་གཞོམ་མེད་རྡོ་རྗེའི་གསང་བ་འབྱེད་པ་ལས་གསུངས།
- language:
- Tibetan