- dga' gsum gyi khrims gcod
- ID:
- T227342
- དགའ་གསུམ་གྱི་ཁྲིམས་གཅོད (Tibetan, Tibetan script, Original)
- > dga' gsum gyi khrims gcod (Tibetan, Latin script, Transliteration-THL Extended Wylie Transliteration)
- > ga sum gyi trim chö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་མཁན་སློབ་གཉིས་ལས་ཆོས་ཞུས་ཞིང་དགུང་ལོ་སོ་དགུ་པའི་ལྕགས་སྤྲེལ་ལོར་རྒྱལ་སྲིད་སྲས་ཆེ་བ་སྣ་ནམ་པའི་སྲས་མུ་ནེ་བཙན་པོ་ལ་གཏད་དེ་རྗེ་ཉིད་སྒོམ་སྒྲུབ་ལ་གཤེགས་པའི་གྲབས་བཛད་པ་དང་། བློན་པོ་ཞང་གི་བུ་དབུ་རིང་བསྐོར་བའི་བཀའ་གྲོས་མཛད་ཅིང་ཡོད་པ་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་མཐོང་ཚེ། མོས་རྒྱལ་སྲིད་སྣ་ནམ་པ་ལ་ཤོར་བའི་ཕྲག་དོག་གིས་དོན་དེ་མོ་རང་གི་སྲས་མུ་ཏིག་བཙན་པོ་ལ་ཕྲ་མ་བཅུག་པ་དང་། མུ་ཏིག་བཙན་པོས་ཞང་གི་བུ་དབུ་རིང་ལ་གྲི་བརྒྱབས་ཏེ་བསད། དེ་ལ་བློན་ཆེན་པོ་མགོས་ཀྱིས་དགའ་གསུམ་ཞེས་པའི་ཁྲིམས་ཆད་གཅོད་པ་ལ་ཟེར། དགའ་གསུམ་ཞེས་པ་ནི། དང་པོ། རྒྱལ་པོ་ཡབ་སྲས་དགའ་བའི་ཆད་པ། བློན་ཆེན་པོ་མགོས་ཀྱིས་ཁོང་གི་ཁྲིམས་ཆད་བཅད་པའི་བཀའ་ཡིག་ལེན་ས་ཟུར་མཁར་མཆོད་རྟེན་གྱི་རྩར་ཤོག་ཅེས་གསུངས་ཏེ། ཁོ་རང་རྟར་ཞོན་ནས་སོང་། དེར་འཁོར་འབངས་རྣམས་ཕྱིན་ནས་བལྟས་པས། རྡོའི་མཆོད་རྟེན་འོག་མ་ལ་ཁྲིམས་ཆད་ཀྱི་བཀའ་ཤོག་སྦྱར་བའི་ནང་དོན། རྗེ་ཡིས་འབངས་བསད་ན་མས་བུ་བརྡུང་པ་དང་འདྲ་སྟེ་ཐབས་མེད། ད་དུང་མཆོད་རྟེན་བར་མ་ལ་ལྟ་སར་ཕྱིན་ཤིག ཅེས་བྲིས་ཡོད་པ་དོན་དེ་ལ་རྒྱལ་པོ་ཡབ་སྲས་དགའ་བར་བྱུང་པ་རེད། གཉིས་པ། འབངས་མི་རྣམས་དགའ་བའི་ཆད་པ། དེ་ནས་ཁོ་ཚོ་མཆོད་རྟེན་བར་པ་ལ་ཕྱིན་ནས་བལྟས་པས་དེར། འོན་ཀྱང་རེ་རེ་ནས་བསད་ན་འབངས་ཀྱིས་མི་ལང་། རྒྱལ་པོས་འབངས་ལ་སྲུང་སྐྱོང་བྱ་དགོས། ད་དུང་མཆོད་རྟེན་གོང་མ་ལ་ལྟ་སར་ཕྱིན་ཅིག ཅེས་པའི་བཀའ་ཤོག་སྦྱར་ཡོད་པ་ལ་འབངས་མི་རྣམས་དགའ་བར་བྱུང་པ་རེད། གསུམ་པ། སྣ་ནམ་པ་དགའ་བའི་ཆད་པ་ནི། དེ་ནས་ཁོ་ཚོ་མཆོད་རྟེན་གོང་མར་ཕྱིན་ནས་བལྟས་པར། རྒྱལ་པོ་ཉིད་ཀྱིས་ཁྲིམས་མ་སྲུང་ན་འབངས་ལ་ཁྲིམས་མི་འཆགས་པས་ལྷ་སྲས་མུ་ཏིག་བཙན་པོ་ལོ་དགུ་བྱང་དུ་སྤྱུགས་དགོས་ལ། ཞང་ལ་སྟོང་དུ་ཡུལ་གྲུ་གཅིག་བྱིན་དགོས། ཞེས་པའི་ཤོག་སྦྱར་ཡོད་པར་ཞང་སྣམ་ནམ་པའི་ཕྱོགས་རྣམས་དགའ་བར་བྱུང་བས་ན་དགའ་གསུམ་གྱི་ཁྲིམས་ཆད་ཅེས་གྲགས་སོ། །
- language:
- Tibetan