- dgung blon
- ID:
- T227354
- དགུང་བློན (Tibetan, Tibetan script, Original)
- > dgung blon (Tibetan, Latin script, Transliteration-THL Extended Wylie Transliteration)
- > gung lön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་གནའ་རབས་བཙན་པོའི་དུས་སྐབས་སུ་རྒྱལ་པོའི་འོག་གི་བློན་ཆེན་གོ་གནས་མཐོ་ཤོས་ཡིན་པ་ཞི་དྲག་གཉིས་ཀའི་དབང་ཆ་ཡོད་པའི་བློན་ཆེན་ཞིག་ཀྱང་ཡིན། དེའི་ལས་འགན་ནི་གལ་ཆེའི་ཚོགས་འདུ་བསྐོང་འཚོགས་བྱེད་པ་དང༌། ཚོགས་འདུའི་དབུ་བཞུགས་ཀྱི་འགན་ཁུར་བ། གཤམ་འོག་གི་བློན་པོ་གསར་པ་བསྐོ་བ་དང་གནས་དབྱུང༌། དོ་དམ་བཙོན་འཇུག་བྱེད་པ། དམག་གི་བཀའ་བརྡ་བསྒྲགས་པ། ས་ཁུལ་གྱི་དབྱེ་མཚམས་དང་དམག་དཔུང་བཅོས་སྒྲིག་བྱེད་པ། བཀའ་ཁྲིམས་གསར་པ་ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་འགན་ཁུར་ཡོད། དགུང་བློན་གྱི་གོ་གནས་ལ་རིམ་པ་ཆེ་འབྲིང་ཆུང་གསུམ་ཡོད། མི་གྲངས་ཐད་བཙན་པོ་སོ་སོའི་སྐབས་འགྱུར་ལྡོག་མང་བས་མཐའ་གཅིག་ཏུ་ངེས་པ་མེད་པ་ནི་སྲོང་བཙན་སྒམ་པོའི་སྐབས་དགུང་བློན་ཆེན་པོ་བཞི། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་དགུང་བློན་ཆེན་པོ་དགུ། ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་དགུང་བློན་ཆེན་པོ་བདུན། ཁྲི་རལ་པ་ཅན་གྱི་སྐབས་སུ་དགུང་བློན་ཆེན་པོ་དགུ་བཅས་ཡོད། དེ་དག་སོ་སོའི་མིང་དང་གོ་རིམ<<བཀའ་ཆེམས་ཀ་ཁོལ་མ>>དང༌། <<རྒྱལ་རབས་གསལ་བའི་མེ་ལོང>><<ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན་གཉིས་ཀྱི་བཀའ་གཙིགས>><<དབོན་ཞང་མཐུན་འབྲེལ་རྡོ་རིང་གི་ཡི་གེ>>བཅས་ནང་དུ་གསལ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
བོད་གནའ་རབས་བཙན་པོའི་དུས་སྐབས་སུ་རྒྱལ་པོའི་འོག་གི་བློན་ཆེན་གོ་གནས་མཐོ་ཤོས་ཡིན་ལ་ཞི་དྲག་གཉིས་ཀའི་དབང་ཆ་ཡོད་པའི་བློན་ཆེན་ཞིག་ཀྱང་ཡིན།
- language:
- Tibetan