Skip to main content Skip to search
dge ba'i bshes gnyen khams lung ba
ID:
T227390
  • དགེ་བའི་བཤེས་གཉེན་ཁམས་ལུང་བ (Tibetan, Tibetan script, Original)
    • > dge ba'i bshes gnyen khams lung ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > geweshé nyen kham lungwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ཉིད་ཡབ་སྦས་རྣལ་འབྱོར་མགོན་པོ། ཡུམ་ཞང་ལྕམ་དཀར་ཡལ་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ཆུ་འབྲུག་(༡༢༣༢)ལོར་ཉན་གྱི་ཀ་ཀ་བ་ཞེས་བྱ་བའི་ཡུལ་དུ་སྐུ་བལྟམས། དགུང་ལོ་བཅུ་གཉིས་པ་ལ་མཁན་པོ་གཞུང་དབང་དང་སློབ་དཔོན་རག་མ་གཉིས་ལས་རབ་ཏུ་བྱུང༌། དགུང་ལོ་བཅུ་དགུ་པ་ལ་མཁན་པོ་སྐྱོར་མོ་ལུང་བ་ཞིག་པོ་དང༌། སློབ་དཔོན་དཔལ། གསང་སྟེ་བ་སློབ་དཔོན་དབང་ལས་བསྙེན་པར་རྫོགས་ཏེ་འདུལ་བ་གསན། དེ་ནས་སྒོམ་པ་ལ་རྩེ་གཅིག་ཏུ་ཞུགས་པས་ཉམས་རྟོགས་ཁྱད་པར་འཁྲུངས། ཆོས་ཞུ་བ་ལ་ཉིན་མཚན་སྒོ་མེད་དུ་གྲགས། དགུང་ལོ་ཉེར་ལྔ་ལ་ཕེབས་པ་མེ་འབྲུག(༡༢༥༦)ལོར་བྱ་ཡུལ་གདན་སར་ཕེབས། ལོ་ཉི་ཤུ་རྩ་བདུན་རིང་དམ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་ནས་གདན་ས་བསྐྱངས། སེམས་ཅན་དཔག་མེད་སྨིན་གྲོལ་གྱི་ལམ་དུ་བཀོད། དགུང་གྲངས་ལྔ་བཅུ་ང་གཅིག་ལ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་རྟ(༡༢༨༢)ལོར་དགོངས་པ་མྱ་ངན་ལས་འདས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ཉིད་ཡབ་སྦས་རྣལ་འབྱོར་མགོན་པོ། ཡུམ་ཞང་ལྕམ་དཀར་ཡལ་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ཆུ་འབྲུག་ (༡༢༣༢) ལོར་ཉན་གྱི་ཀ་ཀ་བ་ཞེས་བྱ་བའི་ཡུལ་དུ་སྐུ་བལྟམས། དགུང་ལོ་བཅུ་གཉིས་པ་ལ་མཁན་པོ་གཞུང་དབང་དང་སློབ་དཔོན་རག་མ་གཉིས་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་དགུ་པ་ལ་མཁན་པོ་སྐྱོར་མོ་ལུང་བ་ཞིག་པོ་དང་། སློབ་མ་དཔོན་དཔལ། གསང་སྟེ་བ་སློབ་དཔོན་དབང་ལས་བསྙེན་པར་རྫོགས་ཏེ་འདུལ་བ་གསན། དེ་ནས་སྒོམ་པ་ལ་རྩེ་གཅིག་ཏུ་ཞུགས་པས་ཉམས་རྟོགས་ཁྱད་པར་འཁྲུངས། ཆོས་ཞུ་བ་ལ་ཉིན་མཚན་སྒོ་མེད་དུ་གྲགས། དགུང་ལོ་ཉེར་ལྔ་ལ་ཕེབས་པ་མེ་འབྲུག (༡༢༤༦) ལོར་བྱ་ཡུལ་གདན་སར་ཕེབས། ལོ་ཉི་ཤུ་རྩ་བདུན་རིང་དམ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་ནས་གདན་ས་བསྐྱངས། སེམས་ཅན་དཔག་མེད་སྨིན་གྲོལ་གྱི་ལམ་དུ་བཀོད། དགུང་གྲངས་ལྔ་བཅུ་ང་གཅིག་ལ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་རྟ་ (༡༢༨༢) ལོར་སྐུ་གཤེགས།

language:
Tibetan