- dge bshes brag dkar ba
- ID:
- T227408
- དགེ་བཤེས་བྲག་དཀར་བ (Tibetan, Tibetan script, Original)
- > dge bshes brag dkar ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > geshé drak karwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཧ་ལམ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་ལ་འདི་ཉིད་ཀྱིས་སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་བཀྲ་ཤིས་ཆོས་གླིང་བཏབ་སྟེ་དགེ་འདུན་གྱི་སྡེ་བཙུགས། དེ་ནས་རབ་བྱུང་གཉིས་པའི་ལྕགས་ཡོས (༡༡༡༡) ལོརདཔེ་ཆོས་རིན་ཆེན་སྤུངས་པ》བཞུགས་ནས་སྐུ་གཤེགས་སྐད།
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་དང་པོའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1032 ལོར་དབུས་གཙང་ཕྱོགས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ 1111 ལོར་སྐུ་གཤེགས། ཁོང་གིས་དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་ལ་ཡུན་རིང་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་མཁས་པ་ཆེན་པོར་གྱུར། རྗེ་པོ་ཏོ་བ་སྐུ་གཤེགས་རྗེས་དགེ་བཤེས་ཕོ་བྲང་སྡིང་པའི་ཞབས་ལ་གཏུགས་ནས་རྗེ་པོ་ཏོ་བའི་གསུང་སྒྲོས་རྣམས་ཚར་གཅིག་གསན་པར་མཛད། དེ་ནས་བྲག་དཀར་དང་སྟག་རྩེ་བཅས་ལ་བཞུགས་ཏེ་ལམ་རིམ་གཙོ་བོར་མཛད་པའི་མདོ་སྔགས་ཆོས་ཀྱི་འཆད་ཉན་བསྐྱངས་ཤིང་གྲྭ་པ་སུམ་བརྒྱ་ཙམ་འདུས་སོ། ཁོང་གི་གསུང་རྩོམ་ནི《དཔེ་ཆོས་རིན་སྤུངས་རྩ་འགྲེལ》བཅས་ཡོད། ཁོང་ནི་རྗེ་པོ་ཏོ་བའི་བཀའ་བབ་ཀྱི་བུ་ཆེན་བརྒྱད་ལས་མཆོད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ་འགྲན་ནུས་པ་ཞིག་ཡོད་པའི་བཀའ་བབ་ཡིན་ནོ། །དགུང་ལོ་བརྒྱད་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གནས་བརྟན་རྒྱ་ལེ་འབར་དང་འཕན་ཡུལ་བ་བྱང་ཆུབ་སྣང་བ་གཉིས་ཡིན་ནོ། །
- language:
- Tibetan