- dge slong kun dga'
- ID:
- T227412
- དགེ་སློང་ཀུན་དགའ (Tibetan, Tibetan script, Original)
- > dge slong kun dga' (Tibetan, Latin script, Transliteration-THL Extended Wylie Transliteration)
- > gelong kün ga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བཀྲས་ལྷུན་རྩེ་ཁང་ཚན་གྱི་ལྷ་བྲིས་པ་ཞིག་ཡིན། དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་དུ་གཙང་ཁུལ་དུ་སྐུ་འཁྲུངས། ཁོང་ནི་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གི་གམ་བཅར་རི་མོའི་ཞབས་ཞུ་བ་ཡིན། ཁོང་གི་ཕྱག་བཟོའི་བརྩམ་བྱ་ནི་བཀྲས་ལྷུན་བ་སོ་ཁང་ཚན་གྱི་ཐོག་ཁར་སྐྱབས་དབྱིངས་སྨན་རི་བ་བློ་བཟང་རྣམ་རྒྱལ་གྱི་བཞུགས་གནས་དབུ་གཡབ་ཏུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་ཐར་ལྡེབས་རིས་དང་། པཎ་ཆེན་སྐུ་ཕྲེང་བརྒྱད་པའི་གདུང་རྟེན་མཆོད་ཁང་འཛམ་གླིང་མཛེས་རྒྱན་གྱི་ལྡེབས་རིས་རྣམས་ཡིན།
- language:
- Tibetan