Skip to main content Skip to search
dgongs pa can gyi gsung rigs gsum yod pa ste
ID:
T227429
  • དགོངས་པ་ཅན་གྱི་གསུང་རིགས་གསུམ་ཡོད་པ་སྟེ (Tibetan, Tibetan script, Original)
    • > dgongs pa can gyi gsung rigs gsum yod pa ste (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gongpachen gyi sung rik sum yöpa té (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(1) དུས་ལ་དགོངས་པ་ནི། དཔེར་ན། རླུང་འཕོ་བ་བཅུ་གཉིས་འགགས་ནས་ས་བཅུ་གཅིག་པའི་མཐར་སྐད་ཅིག་གཅིག་གིས་འཚང་རྒྱ་བ་དེ་མ་འོངས་པའི་དུས་ལ་འབྱུང་བ་ལ་དགོངས་ནས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཞེས་གསུངས་པ་ལྟ་བུ་དང་། (2) དོན་ལ་དགོངས་པ་ནི། དཔེར་ན། སྐྱེས་བུ་འགའ་ཞིག་གིས་ལྷ་མཆོག་དབང་པོ་བརྒྱ་བྱིན་ལས་སྐྱེས་པའི་བུ་མོ་ལོངས་སྤྱོད་པ་བཞིན་དུ། སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་པྲ་ཕབ་ཀྱི་རང་བཞིན་ལྟ་བུ་ལ་དུས་རྟག་ཏུ་ལོངས་སྤྱོད་དགོས་པ་ལ་དགོངས་ནས། སངས་རྒྱས་ཀུན་ལས་འཕྲོག་ནས་ནི། །ལྷ་མཆོག་ལས་སྐྱེས་བུ་མོ་སྤྱོད། ཅེས་མ་ཧཱ་མཱ་ཡཱ་ལས་གསུངས་པ་ལྟ་བུ་དང་། (3) བསམ་པ་ལ་དགོངས་པ་ནི། དཔེར་ན། ཕྱི་ཞིང་བཅུ། ནང་རླུང་བཅུ། གསང་བ་སྲོག་ཆེན་པོའི་རླུང་གི་མིང་དུ་བསྟན་པ། བདག་འཛིན་གྱི་རྣམ་པར་རྟོག་པ་གསད་དགོས་པ་ལ་དགོངས་ནས། ཧེ་བཛྲ་ལས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །

language:
Tibetan