- dgos pa drug
- ID:
- T227473
- དགོས་པ་དྲུག (Tibetan, Tibetan script, Original)
- > dgos pa drug (Tibetan, Latin script, Transliteration-THL Extended Wylie Transliteration)
- > göpa druk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནའ་བོའི་རྒྱ་སྲོལ་རི་མོར་དཔྱད་བརྗོད་བྱེད་པའི་མིང་ཚིག་ཅིག་ཡིན། གནའ་བོའི་རི་མོའི་གཞུང་ལུགས་ནང་དུ་བཤད་སྲོལ་གཉིས་ཡོད་པ་སྟེ། གཅིག་ནི་རྒྱལ་རབས་ལྔའི་སྐབས་ཀྱི་ཅིན་ཧའོ་ཡིས་བརྩམས་པའི་པིར་སྤྱོད་སྟངས་ཀྱི་ཟིན་ཐོ་ཞེས་པའི་ནང་གསལ་དུ། ༡ དབུགས། ༢ ཉམས། ༣ གོ་དོན། ༤ ལྗོངས། ༥ བཅད། ༦ སྣག་ཚ་བཅས་སོ། །གཉིས་ནི་སུང་རྒྱལ་རབས་བྱང་མའི་སྐབས་ཀྱི་མིའུ་ཏའོ་ཁྲུན་གྱིས་བརྩམས་པའི་གོང་མ་ཚང་གི་རི་མོ་གྲགས་ཅན་ལ་་དཔྱད་གཏམ་བརྗོད་པ་ཞེས་པའི་ནང་གསལ་དུ། ༡ དབུགས་ཉམས་གཉིས་ལྡན། ༢ རི་མོའི་བཀོད་པ་བྱང་ཆུབ་པ། ༣ འགྱུར་ལྡོག་རྒྱུ་མཚན་དང་ལྡན་པ། ༤ ཚོན་མདངས་སྣུམ་ཤས་ལྡན་པ། ༥ འགྲོ་འོང་རང་བཞིན་ལྡན་པ། ༦ དགེ་བླངས་སྐྱོན་དོར་བཅས་སོ།
- language:
- Tibetan