Skip to main content Skip to search
dgyer sgom pa gzhon nu grags pa
ID:
T227481
  • དགྱེར་སྒོམ་པ་གཞོན་ནུ་གྲགས་པ (Tibetan, Tibetan script, Original)
    • > dgyer sgom pa gzhon nu grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyer gompa shyönnu drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་ཉིད་རབ་བྱུང་གཉིས་པའི་ལྕགས་རྟ (༡༠༩༠) ལོར་སྐུ་འཁྲུངས་། བཀའ་གདམས་གདམས་ངག་པའི་བླ་མ་སྣེའུ་ཟུར་པ་དང་བྱ་ཡུལ་བ་གཉིས་ཀྱི་སློབ་མ་ཡིན་ཞིང་། སྒོམ་པ་ལ་གཙོ་བོར་མཛད་པས་དགྱེར་སྒོམ་ཞེས་གྲགས། མཚན་གཞོན་ནུ་གྲགས་པ་ཞེས་ཞུ། འདི་ཉིད་རིན་ཆེན་གྱི་གཙུག་ལག་ཁང་སྡེ་དགོན་དང་བཅས་པ་བཏབ་ཅིང་། འགྲོ་བའི་དོན་རྒྱ་ཆེན་པོ་མཛད། ཚོགས་པའང་བརྒྱད་བརྒྱ་ཙམ་འཚོགས། མཐར་དགུང་ལོ་བརྒྱད་ཅུ་གྱ་གཉིས་པ་རབ་བྱུང་གསུམ་པའི་ལྕགས་ཡོས (༡༡༧༡) ལོར་སྐུ་གཤེགས།

language:
Tibetan