- bgegs rigs stong phrag gcig dang brgyad cu
- ID:
- T227517
- བགེགས་རིགས་སྟོང་ཕྲག་གཅིག་དང་བརྒྱད་ཅུ (Tibetan, Tibetan script, Original)
- > bgegs rigs stong phrag gcig dang brgyad cu (Tibetan, Latin script, Transliteration-THL Extended Wylie Transliteration)
- > gek rik tongtrak chik dang gyechu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དུག་ལྔ་ཉོན་མོངས་གསུམ་དུ་འདུ་བའི་ནད་རྐྱེན་ལས་བྱུང་བ་སྟེ། ཕྲག་དོག་གི་རྩ་བ་འདོད་ཆགས་ལས་མོ་གདོན་ཞུགས་ནས་ཆུ་སེར་ཁྲག་རླུང་། ང་རྒྱལ་གྱི་འབྲས་བུ་ཞེ་སྡང་ལས་ཕོ་གདོན་ཞུགས་ནས་སྲིན་མཁྲིས་པ། གཏི་མུག་ལས་མ་ནིང་ངམ་ཀླུ་ས་བདག་གི་གདོན་ཞུགས་ནས་བད་ཀན་རྒྱས་པར་བྱེད། གདོན་དེ་རེ་རེ་ལའང་ལྷན་སྐྱེས་སམ་ལས་འདྲེ་སྟེ་དཔོན་གཅིག་པའི་སྟོབས་ཆེན་སྟོབས་ཆུང་དགུ་བཅུ་རེ་ཀུན་བཏགས་སམ་ཕྲལ་རྐྱེན་གྱིའང་འདྲེ་སྡེ་དཔོན་གཅིག་བཅས་པའི་དེ་འདྲ་རེ་སྟེ་སུམ་བརྒྱ་དྲུ་ཅུ་ལ་ཕོ་མོ་མ་ནིང་གསུམ་དུ་དབྱེ་ན་སྟོང་དང་བརྒྱད་ཅུའོ། །ཡང་ན་ལྷ། ཀླུ། གནོད་སྦྱིན། དྲང་སྲོང་། ས་བདག་ མ་མོ། གཤིན་རྗེ། རྒྱལ་པོ། བཙན། བདུད། སྲིན་མོ། ཐེའུ་རང་། བསེན་པོ། བཟའ་གཉན། སྨན་མོ། དྲི་དམུ། གྲུལ་བུམ། མིའམཅི། ལྟོ་ཕྱེ་ཆེན་པོ་སྟེ་གདོན་རིགས་རྩ་བའི་ཉེར་གཅིག་ལས་སྐྱེས་པའི་སྤྲུལ་པ་ཡང་སྤྲུལ་ཕོ་ཉ་སོགས་རེ་རེར་ལྔ་བཅུ་རེ་འཕྲོས་པས་སྟོང་དང་ལྔ་བཅུ། ཕོ་མོ་མ་ནིང་རེ་རེར་དངོས་ཉམས་རྨི་ལམ་གསུམ་སྦྱར་དགུ་དེའི་སྟེང་ཉེར་གཅིག་བསྣན་པའོ། །
- language:
- Tibetan