- mgar ba'i bu khra
- ID:
- T227536
- མགར་བའི་བུ་ཁྲ (Tibetan, Tibetan script, Original)
- > mgar ba'i bu khra (Tibetan, Latin script, Transliteration-THL Extended Wylie Transliteration)
- > garwé bu tra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་རྭ་སྒྲེང་དགོན་པའི་ཤར་ངོས་སུ་ཡོད་པའི་རི་ཕུག་སྒང་ཞེས་པར་སྡོད་མཁན་མགར་བའི་བུ་ཁྲ་ཞེས་མི་སྟོབས་ཆེན་ཞིག་བྱུང་ཞིང་། ཁོ་ནི་གཟུགས་སྟོབས་ཧ་ཅང་ཆེ་ལ་ཤེད་ཤུགས་འགྲན་ཟླ་མེད་པ་ཞིག་ཡིན་འདུག ལུས་སྟོབས་ཆེ་བས་ལྟོ་བཟའ་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡིན་པས་བར་སྐབས་ཤིག་རྭ་སྒྲེང་བླ་བྲང་ནས་གསོ་ཉར་བྱས་ཏེ་ལྷ་སའི་སྨོན་ལམ་གྲོལ་ཉིན་གསུམ་ཆོས་རར་བེ་ག་རྡོ་འགྱོགས་ལ་རྭ་སྒྲེང་བླ་བྲང་ནས་མི་གཅིག་གཏོང་དགོས་པར་མགར་བའི་བུ་ཁྲ་གཏོང་རྩིས་ལ་ལྟོ་ཆས་ག་ཚོད་བཟས་པ་ལྟར་སྟེར་དུས་ཉིན་རེ་རྩམ་པ་འབོ་གང (རྒྱ་མ་ཉེར་བརྒྱད་སྐོར) དང་། ལུག་ཤ་བཞི་ལིང་རེ་བཟའ་ཡི་ཡོད་ཅིང་། ལྷ་སར་བེ་ག་འགྲན་ཉིན་ཁ་གཏད་དེ་དང་འཁྱུད་ཐེངས་གཅིག་ལ་ཁ་གཏད་དེ་སྒལ་ཚིགས་ཆག་ནས་ཤི་སྟབས་དེ་ལོ་ནས་བཟུང་རྭ་སྒྲེང་བླ་བྲང་ནས་བེ་ག་འགྲན་མཁན་གཏོང་མི་དགོས་པ་བྱུང་སྐད།
- language:
- Tibetan