- 'khon klu'i dbang po srung ba/
- ID:
- T22756
- འཁོན་ཀླུའི་དབང་པོ་སྲུང་བ (Tibetan, Tibetan script, Original)
- > 'khon klu'i dbang po srung ba/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > khönlü wangpo sungwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Ives Waldo Dictionary
Lu'i Wangpo [of 'Khon, one of TIbet's first translators, at the time of king Trisong De'utsen (one of Tibet's first seven monks སད་མི་མི་བདུན་ appointed to see if TTs could keep the precepts and vows of ordination]
- language:
- English
3. dung dkar bod rig pa'i tshig mdzod chen mo
རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་འཁོན་དཔལ་པོ་ཆེའམ། མིང་གཞན་དཀོན་པ་རྗེ་གུང་སྟག་ཏུ་གྲགས་པ་དེས་རླངས་ཁམས་པ་གོ་ཆའི་སྲིང་མོ་རླངས་བཟའ་ནེ་ཆུང་ཁབ་ཏུ་བླངས་པ་ལས་སྲས་གཉིས་འཁྲུངས་པའི་ཆེ་བ་འཁོན་ལོ་ཙཱ་བ་ཀླུའི་དབང་པོ་སྲུང་བ་དང༌། ཆུང་བ་རྡོ་རྗེ་རིན་ཆེན་གཉིས་བྱུང༌། སྲས་ཆེ་བ་འཁོན་ཀླུའི་དབང་པོ་སྲུང་བ་ནི་ས་སྐྱའི་རྫེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི<<འཁོན་གྱི་གདུང་རབས>>དང<<དེབ་ཐེར་དམར་པོ>><<དེབ་ཐེར་སྔོན་པོ>><<རྒྱལ་རབས་གསལ་བའི་མེ་ལོང>><<འབྲུག་པ་པརྨོ་དཀར་པོའི་ཆོས་འབྱུང>><<རྒྱ་བོད་ཡིག་ཚང>>བཅས་གྲགས་ཆེ་བ་རྣམས་ལས་སད་མི་བདུན་གྱི་ནང་ཚན་ཡིན་པར་གསུངས་ཤིང༌། མཁན་ཆེན་ཞི་བ་འཚོལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། མཚན་ན་གསྦྲེ་ར་ཀླི་ཏ་སྟེ་བོད་སྐད་དུ་ཀླུའི་དབང་པོ་སྲུང་བ་ཟེར། མཁན་ཆེན་དང་ཞང་པོ་ལས་གསང་སྔགས་ཀྱི་ཆོས་མང་དུ་གསན་ཞིང༌། ལོ་ཙཱ་ལེགས་པར་མཁྱེན། བྲག་ཡེར་པར་ཕུག་པ་ཞིག་ཏུ་སྒོམ་སྒྲུབ་ལ་བཞུགས་ནས་གྲུབ་པ་ཐོབ་ཏེ་དྲིལ་བུ་ཕུག་པའི་བར་སྣང་ལ་རྟེན་མེད་དུ་འཇོག་པར་མཛད་པས་ཕུག་པའི་མིང་ལ་དྲིལ་བུ་ཕུག་ཅེས་ཐོགས་ཏེ་ཡེར་པའི་གྲུབ་ཐོབ་བརྒྱ་རྩའི་གྲས་ཡིན་ཅིང༌། རབ་ཏུ་བྱུང་བས་སྲས་བརྒྱུད་མེད། དེ་མིན་གྱི་ལོ་རྒྱུས་ཞིབ་ཆ་ད་ཕན་མ་རྙེད་ལགས།
- language:
- Tibetan
4. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། ཁོང་གིས་བསམ་ཡས་གཙུག་ལག་ཁང་གི་སྦྱིན་བདག་ལག་དཔོན་མཛད་ནས་སྐུ་གསུང་ཐུགས་་རྟེན་བཞེངས་པ་དང་ལོ་ཙཱ་བསླབས་ཤིང་ཆོས་གཞུང་དུ་མ་བོད་ཡིག་ཏུ་བསྒྱུར། བོད་ལུགས་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ 775 ལོར་མཁན་པོ་བྷོ་དྷི་ས་དྭ་ལས་རབ་ཏུ་བྱུང་ཞིང་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཐོག་ཏུ་ཡོངས་སུ་གྲགས་པའི་སད་མི་མི་བདུན་གྱི་ཡ་གྱལ་ཞིག་ཡིན་[235]ནོ།།
- language:
- Tibetan