- mgo nad mgo srin
- ID:
- T227575
- མགོ་ནད་མགོ་སྲིན (Tibetan, Tibetan script, Original)
- > mgo nad mgo srin (Tibetan, Latin script, Transliteration-THL Extended Wylie Transliteration)
- > go né go sin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སེམས་འཁྲུལ། ལུས་སྟོབས་ཆུང་། མགོ་མི་བཟོད་པར་ན། སྣབས་ཀྱི་མདོག་དམར། རྒྱུ་སྲུབས་ཀྱི་སྟེང་དུ་སྐྲངས། དུས་ངེས་མེད་དུ་ནད་ལྡང་བ། ཟས་དང་སྤྱོད་ལམ་གྱིས་ནད་ལ་ཕན་གནོད་ཆུང་བ། གནས་གང་ལ་སྲིན་ལངས་ན་དེའི་རྩ་འཕར་ཞིང་། སྒྲ་སྐད་ཆེན་པོའི་རིགས་དང་། དྲག་ཤུལ་གྱི་ལས་རྣམས་ཀྱིས་སྲིན་ནད་ལྡང་བར་བྱེད་དོ། མགོ་སྲིན་ལའང་དཀར་ནག་རིགས་གཉིས་ཡོད་ཅིང་། དེ་གང་ཡིན་བརྟག་ཐབས་ལ། འཁར་གོང་མེ་ལ་བསྲེགས་ནས་དེའི་སྟེང་དུ་མཆིལ་མ་ཐིགས་གཅིག་བླུགས་པས། དེ་གྲང་བའི་ཚེ་ནག་པོར་ཆགས་ན་མགོ་སྲིན་ནག་པོ་ཡིན།
- language:
- Tibetan