- mgo yi sgo lnga
- ID:
- T227594
- མགོ་ཡི་སྒོ་ལྔ (Tibetan, Tibetan script, Original)
- > mgo yi sgo lnga (Tibetan, Latin script, Transliteration-THL Extended Wylie Transliteration)
- > go yi go nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྤྱི་གཙུག་དང་། མཚོགས་མ། སྡུད་སྒོ། སྨིན་དཀྱིལ་གཉིས་གཅིག་ཏུ་འདྲེན་པ་དང་། མཁུར་ཚོས་གཉིས་གཅིག་ཏུ་འདྲེན་པ་བཅས་ལྔའི་བསྡུས་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། སྤྱི་གཙུག་མཚོགས་མ་སྡུད་སྒོ་དང་། སྨིན་དཀྱིལ་གཉིས་དང་མཁུར་ཚོས་གཉིས། རེ་རེ་བགྲང་བའི་ལྔ་པོ་ལ། མགོ་ཡི་སྒོ་ལྔ་ཞེས་སུ་བཤད། ཅེས་གསུངས་པ་ལྟར་རོ། །
- language:
- Tibetan