Skip to main content Skip to search
mgon po dgon karma gling
ID:
T227603
  • མགོན་པོ་དགོན་ཀརྨ་གླིང (Tibetan, Tibetan script, Original)
    • > mgon po dgon karma gling (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gönpo gön karma ling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དགོན་པ་འདི་ཐོག་མར་ཁྱུང་པོ་དཀར་རུའི་ས་ཆ་ལ་རབ་བྱུང་གསུམ་པའི་ས་བྱ་ལོར་བཏབས་པའི་ཤངས་པ་བཀའ་བརྒྱུད་ཀྱི་དགོན་པ་ཡིན་པར་གྲགས། རབ་བྱུང་བཅུ་གཅིག་པའི་ཆུ་གླང་སྤྱི་ལོ༡༦༧༣ལོར་མགོན་བླ་དགུ་པ་གསང་སྔགས་བསྟན་འཛིན་གྱིས་དགོན་པ་ནང་ཆེན་གྱི་གནས་འདིར་སྤོས། དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས་རབ་གནས་གནང་ཞིང་ནག་རྒྱལ་ཕག་གསུམ་ལ་བསྙེན་སྒྲུབ་གཙོ་བོར་དགོས་པའི་ལུང་གནང་། གྲུབ་མཐའ་ཀརྨ་བཀའ་བརྒྱུད་དུ་གྱུར། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཁོངས་སུ་ཡོད།

language:
Tibetan