Skip to main content Skip to search
mgon po byams pa'i bstan pa
ID:
T227608
  • མགོན་པོ་བྱམས་པའི་བསྟན་པ (Tibetan, Tibetan script, Original)
    • > mgon po byams pa'i bstan pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gönpo jampé tenpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རང་ཅག་གནས་པའི་འཇིག་རྟེན་གྱི་ཁམས་འདི་ཆགས་ནས་མ་སྟོངས་ཀྱི་བར་ལ་སངས་རྒྱས་སྟོང་ཕྲག་གཅིག་དང་ལྔ་བྱོན་རྒྱུ་ཡོད་པའི་ནང་ནས་ད་ལྟ་ཕན་བྱོན་ཟིན་པའི་སངས་རྒྱས་བཞི་སྟེ། མི་རྣམས་ཀྱི་ཚེ་ལོ་བཞི་ཁྲི་བསྐལ་པ་རྫོགས་ལྡན་གྱི་དུས་སུ་སངས་རྒྱས་འཁོར་བ་འཇིག་བྱོན། དེ་ནས་མི་རྣམས་ཀྱི་ཚེ་ལོ་སུམ་ཁྲི་བསྐལ་པ་གསུམ་ལྡན་གྱི་དུས་སུ་སངས་རྒྱས་གསེར་ཐུབ་བྱོན། དེ་ནས་མི་རྣམས་ཀྱི་ཚེ་ལོ་ཉིས་ཁྲི་བསྐལ་པ་གཉིས་ལྡན་གྱི་དུས་སུ་སངས་རྒྱས་འོད་སྲུང་བྱོན། དེ་ནས་མི་རྣམས་ཀྱི་ཚེ་ལོ་བརྒྱད་པ་བསྐལ་པ་རྩོད་ལྡན་གྱི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལོ་ལྔ་སྟོང་རིང་གནས་པ་དང་། དེ་ནས་བསྟན་པ་ནུབ་སྟེ་སངས་རྒྱས་བྱམས་པ་མ་བྱོན་བར་དུ་ལོ་དུང་ཕྱུར་མང་པོ་ཡོད་པར་གསུངས། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་ནས་སངས་རྒྱས་བྱམས་པ་འཛམ་བུའི་གླིང་དུ་མ་བྱོན་བར་དུ་ལོ་གྲངས་ཇི་ཙམ་ཡོད་པའི་སྐོར་ལ་བུ་སྟོན་རིན་པོ་ཆེ་དང་། འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས་པ་ལྟར། སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་སངས་རྒྱས་བྱམས་པ་མ་བྱོན་བར་དུ་མི་ལོ་བྱེ་བ་ཕྲག་ལྔ་བཅུ་ང་བདུན་དང་ས་ཡ་ཕྲག་དྲུག་ཡོད་པས། དེང་སང་གི་དུང་ཕྱུར་རྩི་གཞིར་བྱས་པའི་གྲངས་དུང་ཕྱུར་ལྔ་དང་། བྱེ་བ་བདུན། ས་ཡ་དྲུག་ཡོད། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་སྡོམ་པ་ཐོབ་པ་དང་། དད་པ་ལྡན་པ། བྱམས་ཆོས་ལྔ་ལ་ཐོས་བསམ་སློབ་གཉེར་བྱས་པ་རྣམས་སངས་རྒྱས་བྱམས་པའི་ཞལ་མཇལ་ཏེ་དེའི་བསྟན་པ་ལ་ཐར་པ་ཐོབ་ངེས་ཡིན་པར་སངས་རྒྱས་ཤཱཀྱ་མུ་ནེས་གསུངས་པའིབྱམས་པ་ལུང་བསྟན་པའི་མདོ》ལས་གསལ་སྟབས། བོད་དུ་ཡོད་པའི་དགོན་སྡེ་ཚང་མའི་ནང་དུ་སངས་རྒྱས་བྱམས་པའི་སྐུ་བརྙན་ཆེ་ཆུང་སྣ་ཚོགས་མ་བཞེངས་པ་མེད་ཅིང་། ལྷག་པར་དགོན་པ་འགའ་ཞིག་ལ་བྱམས་པའི་སྨོན་ལམ་གྱི་དུས་མཆོད་ཀྱང་ཆེད་གཉེར་གྱིས་བཙུགས་པ་དང་། ལྷ་ས་སྨོན་ལམ་སྐབས་བར་སྐོར་དུ་རྒྱལ་བ་བྱམས་པའི་སྐུ་ཤིང་རྟ་འཁོར་ལོའི་སྟེང་དུ་གདན་དྲངས་པ་བཅས་བྱས་པའི་དགོས་པ་དང་རྒྱུ་མཚན་དེ་ལྟར་ཡིན།

language:
Tibetan