- mgos khri bzang yab lhag
- ID:
- T227612
- མགོས་ཁྲི་བཟང་ཡབ་ལྷག (Tibetan, Tibetan script, Original)
- > mgos khri bzang yab lhag (Tibetan, Latin script, Transliteration-THL Extended Wylie Transliteration)
- > gö tri zang yab lhak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(འགོས་ཞེས་པའང་སྣང) ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ། འཕྲུལ་བློན་འཛངས་མི་བདུན་གྱི་དྲུག་པ། བློན་ཆེན་འགོས་རྒན་གྱི་སྲས་ཡིན། འདི་ཉིད་ཀྱིས་བཀའ་ཁྲིམས་ཞལ་ལྕེ་སྟེ། གསོས་ཐང་སྟོང་ཐང་གི་ཞལ་ལྕེ་དང་། གཉེན་བྱེ་བྲལ་གྱི་ཞལ་ལྕེ། བསྙོན་ཐོལ་དཀར་མིའི་ཞལ་ལྕེ་སོགས་གཏན་ལ་ཕབ་པ་དང་། ཁྲིམས་གཏུག་སྐབས་གོང་འབུལ་གྱི་ཡིག་བྱང་ལ་བྱང་ཟས་དང་སྦྲུལ་མགོ སྨིན་ནག ཐིན་བྱང་། མཆུ་སྙུང་ཞེས་སྤྱིར་བློ་ཡུས་ཀྱི་བྱང་བུ་ལྔ་དང་། གོང་ནས་དཔྱད་མཚམས་གཏོང་བའི་ཡིག་བྱང་ལ་ཟང་ཡག་དང་། རྐེད་ཁྲ། ཁ་དམར་ཏེ་ཞལ་ལྕེའི་བྱང་བུ་གསུམ། སྤྱིར་རྒྱུག་པའི་རྒྱ་བྱང་བཅས་ཁྱོན་བྱང་བུ་ཆ་དགུར་གྲགས་པའི་དོན་ཚན་བཅོ་བརྒྱད་ཐོག་མར་གཏན་ལ་ཕབ།
- language:
- Tibetan