- mgos rgan
- ID:
- T227613
- མགོས་རྒན (Tibetan, Tibetan script, Original)
- > mgos rgan (Tibetan, Latin script, Transliteration-THL Extended Wylie Transliteration)
- > gö gen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་མགོས་ཞུ་བ་དེ་ཡི། བློན་ཆེན་མགོས་ཀྱིས་ཐབས་བཏོན་ནས་ཆོས་ལ་གནག་པའི་བློན་པོ་མ་ཞང་གྲོམ་པ་སྐྱེས་ཚར་བཅད་དེ་བོད་དུ་སངས་རྒྱས་ཀྱི་བསྟན་པ་བཙུགས་ཤིང་སྤེལ་བ་ལ་མི་ཉམས་པའི་བྱས་རྗེས་འཇོག་གནང་མཛད། གཞན་ཡང་དགུང་བློན་ཆེན་པོ་མགོས་ཀྱིས་གསོལ་བ་ལྟར། རྗེའི་གདུང་རབས་འབངས་ཀྱི་ས་བཅད་དང་། །ཡ་རབས་རྣམས་ལ་ཕྱག་དང་ཞེ་སའི་ཚུལ། །གཏམ་དང་ལོ་རྒྱུས་བཟང་པོའི་ལས་ཐབས་དང་། །ཕ་མེས་དགེ་དང་ཡིག་ཚང་ལ་སོགས་པ། །ཡ་རབས་བཟང་པོའི་ལུགས་ཀྱི་བསྟན་བཅོས་ལ། །བོད་འབངས་ཐམས་ཅད་བཀོད་དེ་བདེ་བར་མཛད། །ཅེས་བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་གསལ་ལོ། །
- language:
- Tibetan