- mgrin bzang mtshal
- ID:
- T227618
- མགྲིན་བཟང་མཚལ (Tibetan, Tibetan script, Original)
- > mgrin bzang mtshal (Tibetan, Latin script, Transliteration-THL Extended Wylie Transliteration)
- > drin zang tsal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བོང་བུའི་ཁྲག་གི་ཚབ་མིང་སྟེ། སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས། མགྲིན་བཟང་མཚལ་ནི། བོང་བུའི་ཁྲག་གི་གབ་མིང་སྟེ། དེའི་ངེས་ཚིག་ནི། བོང་བུའི་སྐད་ཀྱི་སྒྲ་ཤིན་ཏུ་བཟང་བས་ན་དེ་ལ་མགྲིན་བཟང་ཞེས་དང་། ཁྲག་དམར་པོ་དང་མཚལ་དམར་པོ་གཉིས་མདོག་མཚུངས་པའི་ཕྱིར་དེ་ལ་མཚལ་ཞེས་བཏགས་པའོ། །
- language:
- Tibetan