- 'gal ba dang 'brel ba
- ID:
- T227656
- འགལ་བ་དང་འབྲེལ་བ (Tibetan, Tibetan script, Original)
- > 'gal ba dang 'brel ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > galwa dang drelwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཐ་དད་གང་ཞིག་གཞི་མཐུན་མི་སྲིད་པའི་ཆོས་དེ། འགལ་བའི་མཚན་ཉིད། དེ་ཡང་ཆོས་གང་ཡང་རུང་བ་གཉིས་ཕན་ཚུན་ཐ་དད་ཡིན་པ་གང་ཞིག དེ་གཉིས་གཞི་མཐུན་མི་སྲིད་པ་སྟེ་ཆོས་དེ་གཉིས་ཀ་ཡིན་པ་ཞིག་མི་སྲིད་པ་ཞིག་ལ་འགལ་བ་ཞེས་བརྗོད་པ་ཡིན། མཚན་གཞི་ནི། ཀ་བུམ་གཉིས། རྟག་དངོས་གཉིས་ལྟ་བུའོ། །དེ་ལ་དབྱེ་ན་ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤང་འགལ་གཉིས་ཡོད་། ཁྱོད་ཆོས་དེ་དང་ཕན་ཚུན་ཐ་དད། ཆོས་དེ་ལོག་ན་ཁྱོད་ལྡོག་པར་ངེས་པ་དེ། ཁྱོད་ཆོས་དེ་དང་འབྲེལ་བའི་མཚན་ཉིད། དེ་ཡང་ཐ་དད་པའི་ཆོས་གཉིས་ལས་ཐ་དད་བྱ་གཅིག་པོ་དེ་ལོག་ནའི་སྟོབས་ཀྱིས་ཅིག་ཤོས་དེ་ལྡོག་པར་ངེས་པའི་ཆོས་དེ་གཉིས་འབྲེལ་བ་ཞེས་བརྗོད་པ་ཡིན། མཚན་གཞི་ནི་མེ་དུ་གཉིས་དང་། བུམ་པ་དང་དངོས་པོ་གཉིས་སོགས་ལྟ་བུའོ། །དེ་ལ་དབྱེ་ན་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་ཡོད་དོ། །
- language:
- Tibetan