Skip to main content Skip to search
'gos lo tsA ba
ID:
T227755
  • འགོས་ལོ་ཙཱ་བ (Tibetan, Tibetan script, Original)
    • > 'gos lo tsA ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gö lotsawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འགོས་ཀྱི་རིགས་རྒྱུད་ལས་འཁྲུངས་པའི་བོད་ཀྱི་ལོ་ཙཱ་བ་སྟེ། བོད་ལ་སྔ་རབས་སུ་འགོས་ལོ་ཙཱ་བ་བཞི་བྱུང་། ༡ བོད་ཀྱི་རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་སུ་རྒྱ་གར་གི་སྐད་ཡིག་གཉིས་ཀར་མཁས་ཤིང་ཏུན་ཧོང་གི་ས་ཆར་ཡུན་རིང་བཞུགས་ཏེ་རྒྱ་ནག་གི་ཡི་གེ་ལས་ཆོས་དཔེ་འགའ་ཞིག་བོད་སྐད་དུ་བསྒྱུར་གནང་མཛད་མཁན་འགོས་ཆོས་འགྲུབ། ༢ ཇོ་བོ་རྗེ་ཨ་ཏི་ཤའི་དངོས་སློབ་གསང་སྔགས་ཀྱི་གཞུང་མང་པོ་བོད་སྐད་དུ་བསྒྱུར་གནང་མཁན་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས། ༣ ཆོས་ལུགས་རིས་མེད་སྤྱི་དང་རིག་གནས་ལྔ་ལ་མཁས་པའི་དེབ་སྔོན་རྩོམ་པ་པོ་ཕུལ་དུ་ཕྱིན་པ་འགོས་ལོ་གཞོན་ནུ་དཔལ། ༤ རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་དང་དུས་ཐོག་མཉམ་ཤིང་མདོ་སྔགས་རིག་གནས་ཀུན་ལ་མཁས་པའི་ཕུལ་དུ་ཕྱིན་པ་འགོས་ལོ་ཆེན་ཆོས་སྐྱོང་བཟང་པོ་བཅས་བཞི་ཡོད།

language:
Tibetan