Skip to main content Skip to search
'grangs sam ltogs
ID:
T227793
  • འགྲངས་སམ་ལྟོགས (Tibetan, Tibetan script, Original)
    • > 'grangs sam ltogs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drang sam tok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མིའི་འགྲངས་སམ་ལྟོགས་ནི་རྐང་མཐིལ་གྱི་རུས་པ་ལ་ངོས་འཛིན་དགོས་པ་དང་། ནོར་ལུག་སོགས་དུད་འགྲོའི་འགྲངས་སམ་ལྟོགས་ནི་ཚིགས་རུས་ཨ་ཡང་ལ་ངོས་འཛིན་དགོས་པ་དང་གཉིས་མཆིས་ཏེ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། རྐང་མཐིལ་རུས་པ་འགྲངས་སམ་ལྟོགས། ཞེས་གསུངས་པ་དང་། གོང་སྨན་དཀོན་ཅོག་བདེ་ལེགས་ཀྱིས་མཛད་པའི་པོད་དམར་ལས། འགྲངས་སམ་ལྟོགས་ནི་ནོར་ལུག་སོགས་སེམས་ཅན་གྱི་ཚིགས་རུས་ཨ་ཡང་ཟེར་བ་དེའི་མིང་ངོ་། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། འགྲངས་སམ་ལྟོགས་ནི་སྐབས་ཐོབ་ཏུ་འཇུག་ཚུལ་གཉིས་ཏེ། རྐང་མཐིལ་གྱི་རུས་པ་དང་། ཚིགས་ཀྱི་རུས་པ་བོད་པས་ཨ་དང་། ཁམས་པས་ཐེར་གེ་ཟེར་བ་དེ་གཉིས་ཀའི་རུས་དབྱིབས་ངོས་རེ་འགྲངས་པ་ལྟར་འབུར་ཞིང་ངོས་རེ་ལྟོགས་པ་ལྟར་སྟོང་པར་གྱུར་པ་ལ་འགྲངས་སམ་ལྟོགས་ཞེས་བཤད་དོ། །ཞེས་དང་། གཞན་ཡང་པུས་པོའི་ལྷ་ང་ལ་ངོས་འཛིན་པའང་མཆིས་སོ། །

language:
Tibetan