- 'grams tshad kyi dbye ba
- ID:
- T227805
- འགྲམས་ཚད་ཀྱི་དབྱེ་བ (Tibetan, Tibetan script, Original)
- > 'grams tshad kyi dbye ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > dram tsé kyi yewa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
༡ (སྙིང་འགྲམས) ཁ་ལྐུགས། ལུས་འགུལ་བའི་ཚེ་སེམས་འབོག དྲན་པ་མི་གསལ། གཉིད་སད་པའི་སྐབས་སུ་དངངས་སྐྲག་སྐྱེ་བ། ནུ་དབྲག་དང་། མཆན་འོག སོག་དབྲག་རྣམས་གཟེར་བ། མིག་རྩ་ཧར་བ། ༢ (སྲོག་རྩ་འགྲམས་པ) མིག་ཧར་བ། འདེབ་ས་པ། དྲན་པ་མི་གསལ་བ། ཟུག་ཆེ། ལག་པས་ས་ལ་འབྲད་པ། ༣ (གློ་འགྲམས) རོ་རྒྱབ་ལྕི་བ། མགོ་སྔས་དམའ་ན་ཉལ་མ་ཐུབ་པ། སྣ་ནས་དབུགས་སྦུད་པ་ལྟར་འབུད་པ། དབུགས་མི་བདེ། གྲེ་བ་ནས་ཤུ་སྒྲ་འབྱུང་། གློ་ལུ་མི་ཤེས་པ། ཐལ་གོང་ནས་མནན་པའི་ཚོར་སྣང་སྐྱེ་བ། བྲང་དང་རྒྱབ་ངོས་གཟེར་བས་དགྱེ་དགུ་དཀའ་བ། ལུད་པ་འགོག་དཀའ་བ། ལུད་པའི་ནང་དུ་ཁྲག་དང་རྣག་འོང་བ། ༤ (མཆིན་འགྲམས) རྩིབ་སྒང་དང་མཆིན་སྣར་གཟེར་ཞིང་ན་བ་དང་། ལུད་པའི་ནང་དུ་ཁྲག་འོང་བ། སྣ་ཁྲག་འཛག་པ། གློ་སྙིང་མི་བདེ་ཞིང་རོ་སྟོད་རྒྱངས་ལ་དབུགས་འདེགས་པ། མིག་སྤྲིན་དམར། མིག་མི་གསལ། ཕོ་བ་སྐྲངས། ༥ (མཆིན་དྲི་འགྲམས་པ) ཤ་མདོག་སྔོ། རོ་སྟོད་རྒྱངས། གློ་སོར། ལུས་འགུལ་ན་སྙིང་སྤྲུག་ནས་འགྲོ་མི་ནུས་པ། ལུས་པོ་གྱོང་བ། མིག་དམར། མཆིན་དྲི་འཁོར་བ། སྐེའི་རྩེ་ཆུང་རྒྱས་པ། ༦ (མཆེར་འགྲམས) ཕོ་སྟོད་སྦོས་ཤིང་གཡོན་ངོས་སུ་གཟེར་བ། གདོང་སྐྱ་བོར་ཆགས་པ། ལྟོ་བ་སྦོས་ཤིང་ཁྲོག་པ། སྐབས་སུ་འཁྲུ་བ། གཡོན་ངོས་ཀྱི་རྩིབ་སྒང་དང་རྩིབ་སྣར་གཟེར་ཞིང་ཞ་འཕྲིག་པ། ༧ (མཁལ་མ་འགྲམས་པ) ཚང་ར་མི་ཐེག་ཅིང་དགྱེ་དགུ་དཀའ་བ། མཁལ་ཁུང་དང་། སྣེ་ས། དཔྱི་མིག བརླ་སྒང་རྣམས་ཟུག་གཟེར་ལངས་པ་རླིག་འབྲས་སྐྲངས་ཤིང་དྲི་ཆུ་འཛག་པ། ༨ (ཕོ་བ་འགྲམས་པ) སྒྲེགས་པ་དྲག་པོར་བྱེད། ཕོ་སྟོད་སྦོས་འཁྲོག་བྱེད། ཟས་སྐོམ་ཅི་ཟོས་སྐྱུག གླང་ཐབས་ལྡང་། ཕོ་བ་དབུགས་གིས་བསྒངས་པས་ཉལ་མི་ཐུབ། ༩ (ལོང་འགྲམས) ལོང་ཕུགས་གཟེར། སྦོ་འཁྲོག་བྱེད། གློ་འདེགས། རོ་སྟོད་གང་ཞིང་གྲང་སྙམ་བྱེད་པ། འཕྱེན་བཏང་བ་དང་མཉམ་དུ་དྲི་ཆེན་ཤོར། ༡༠ (རྒྱུ་མ་འགྲམས་པ) རྒྱུ་མར་ཚ་འབྲབ་བྱེད། རྒྱུ་མ་འཁྲིལ་སྙམ་བྱེད། རྒྱུ་མ་སྣེ་སར་ལྷུང་སྙམ་བྱེད། ཆུ་སྡོམ། རྒྱུ་སྨད་གླང་ཐབས་ལྡང་། ༡༡ (མཁྲིས་པ་འགྲམས་པ) མིག་སེར། ཤ་སྔོ། མགོ་བོ་ལྕི། མཆིན་པ་སྐྲངས་སྙམ་པ་དང་། མཁལ་མ་དང་མཆིན་དྲི་ན། རོ་སྟོད་གང་སྙམ་བྱེད། ཆུ་མདོག་དམར། གླང་ཐབས་འོང་། ༡༢ (ལྒང་པ་འགྲམས་པ) རྒྱུ་ཞབས་དང་མཁལ་ཁུང་ན། ཆུ་ཁ་སྙི། སྣེ་ས་ཚ་འབྲབ་བྱེད། ༡༣ (བསམ་སེའུ་འགྲམས་པ) དཔྱི་མིག་དང་བརླ་སུལ་ན། སྟ་ཤ་ཆད་སྙམ་བྱེད་ཅིང་ལང་མི་ཤེས། རྐང་པ་བཤལ་སྦྲིད་བྱེད། རྐང་པ་དང་ཚང་ར་འབྲེལ་མཚམས་ཀྱི་དཔྱི་མིག་རྣམས་ན། སྐབས་སུ་དྲི་ཆུ་སྡོམ་སྙམ་བྱེད།
- language:
- Tibetan