Skip to main content Skip to search
'gro mgon phyag na rdo rje
ID:
T227845
  • འགྲོ་མགོན་ཕྱག་ན་རྡོ་རྗེ (Tibetan, Tibetan script, Original)
    • > 'gro mgon phyag na rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dro gön chak na dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འགྲོ་མགོན་འཕགས་པའི་སྐུའི་གཅུང་པོ་འདི་ཉིད་རབ་བྱུང་བཞི་པའི་ས་ཕག (༡༢༣༩) ལོར་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་། ཡུམ་མ་གཅིག་ཀུན་དགའ་སྐྱིད་གཉིས་ཀྱི་སྲས་སུ་མདོག་གི་གད་ལར་སྐུ་འཁྲུངས། དགུང་ལོ་དྲུག་པ་ལ་ཆོས་རྗེ་ས་པཎ་གྱི་ཕྱག་ཕྱིར་ཧོར་ཡུལ་དུ་ཕེབས། སྐུ་གཞོན་ནུ་ནས་ཆོས་རྗེ་ཁུ་དབོན་ལས་དབང་དང་གདམས་ངག་མང་དུ་གསན་ནས་ཐོས་པས་རྒྱུད་ཕྱུག་པར་ཧོར་རྒྱལ་པོ་སེ་ཆེན་གྱིས་པེ་ལེན་དབང་གི་ལུང་དང་། གསེར་ཐམ། སྲས་མོ་མེ་ཁ་བདུན (མམ་གྷ་ལྷུན་བཟང) བྱ་བ་དེའི་བཙུན་མོར་གནང་། བྱང་ངོས་སུ་ལོ་བཅོ་བརྒྱད་ཙམ་བཞུགས། དགུང་ལོ་ཉེར་ལྔ་པ་ཆུ་ཕག (༡༢༦༣) ལོར་གདན་ས་ཆེན་པོ་ས་སྐྱ་ཆོས་འཁོར་ལ་ཕེབས། དེ་ནས་ལོ་བཞི་ཙམ་གྱི་བར་དུ་གྲུབ་པའི་སྤྱོད་པས་འགྲོ་བ་སྨིན་གྲོལ་གྱི་དོན་མང་དུ་མཛད། དགུང་ལོ་ཉེར་དགུ་པ་ལ་ཕེབས་པ་རབ་བྱུང་ལྔ་པའི་མེ་ཡོས (༡༢༦༧) ལོར་སྒོ་རུམ་དཔེ་ཁང་དུ་སྐུ་གཤེགས།

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཞི་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ 1239 ལོར་གཡས་རུ་མདོག་གི་གད་ལོ་ལོར་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་། ཡུམ་མ་གཅིག་ཀུན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ 1267 ལོར་སྒོ་རུམ་དཔེ་ཁང་དུ་སྐུ་གཤེགས། དགུང་ལོ་དྲུག་པར་ཆོས་རྗེ་ས་པཎ་གྱི་ཕྱག་ཕྱིར་ཧོར་ཡུལ་དུ་ཕེབས། ཆོས་རྗེ་ཁུ་དབོན་ལས་ཡི་གེའི་འབྲི་ཀློག་དང་དབང་ལུང་མན་ངག་མང་དུ་གསན་ནས་ཐོས་པས་རྒྱུད་ཕྱུག་པར་མཛད། བརྟུལ་ཞུགས་ཀྱི་སྤྱོད་པས་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད། སེ་ཆེན་རྒྱལ་པོས་ས་ལེན་དབང་གི་ལུང་དང་། གསེར་ཐམ་ཐོང་ཕྱི་གཡས་གཡོན་གྱི་ཁྲིམས་ར་དང་། རྒྱལ་པོའི་སྲས་མོ་མེ་ཁ་བདུན་བྱ་བའང་བཙུན་མོ་གནང་། ཧོར་གྱི་ཆས་སུ་བཅུག་སྟེ་ས་ཆོལ་ཁ་གསུམ་གྱི་[354]ཁྲིམས་བདག་ཏུ་བསྐོས། བོད་ལ་ཏི་ཤྲཱི་དང་དབང་གི་ལས་ཀ་ཐོག་མར་སྐུ་མཆེད་འདི་གཉིས་ཀྱི་སྐུ་རིང་ལ་བྱུང་བས་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་བྱང་ངོས་སུ་ལོ་བཅོ་བརྒྱད་ཙམ་བཞུགས། དེ་ནས་དགུང་ལོ་ཉེར་ལྔ་པར་ས་སྐྱའི་གདན་ས་ཆེན་པོའི་ཆོས་འཁོར་ལ་ཕེབས། དེ་ནས་ལོ་གསུམ་ལྷག་ཙམ་གྱི་བར་གྲུབ་པའི་སྤྱོད་པས་འགྲོ་བ་མང་པོ་སྨིན་གྲོལ་གྱི་ཞིང་ལ་བཀོད་ནས། དགུང་ལོ་ཉེར་དགུ་པར་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ཡིན། །

language:
Tibetan